ཆེས་དཀའ་ཁག་ཆེ་བའི་ས་ཆ་དེ་ནི་ངའི་བྱ་བ་ལས་ས་ཡིན།
2013.11.07 ཁུངས། ཀློག་གྲངས། 38

—ཡུལ་ཤུལ་རྫོང་བཀྲ་ཤིས་ཁོག་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དགེ་ལེགས་ཚེ་རིང་གི་གནས་ཚུལ་བཀོད་པ།

ད་ལོའི་ཟླ་དགུ་བར། གསར་འགོད་པ་ཡུལ་ཤུལ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། བཀྲ་ཤིས་ཁོག་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། བཀྲ་ཤིས་ཁོག་སྲང་ལམ་དོན་གཅོད་ཁང་གི་ཏང་ཨུའི་ཧྲུའུ་ཅི་དགེ་ལེགས་ཚེ་རིང་གི་སར་སོང་ནས་བཅར་འདྲི་བྱེད་སྐབས་དངོས་སུ་གནས་ཚུལ་འདི་འདྲ་ཞིག་ལ་རྒྱུས་ལོན་བྱུང་བ་སྟེ།
ཁོ་ལ་གཤེར་རྨའི་གཉན་ཚད་དང་ཁྲག་ཤེད་མཐོ་བའི་ནད། མཆིན་པ་སྲ་འགྱུར་སོགས་ནད་མང་པོ་བྱུང་ཡོད་ཅིང་། ཐེངས་དུ་མར་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་སྨན་བཅོས་བྱས་མྱོང་། ཡིན་ནའང་བཅར་འདྲིའི་གོ་རིམ་ཁྲོད་དུ་ངས་མི་མི་འདྲ་བའི་ཁ་ནས་གདེང་འཇོག་གི་སྐད་ཆ་གཅིག་འདྲ་ཞིག་ཐོས་པ་ནི“དགེ་ལེགས་ཚེ་རིང་ནི་གུང་ཁྲན་ཏང་ངོ་མ་ཞིག་རེད”ཅེས་པ་དེ་ཡིན་ནོ།

ཡུལ་ཤུལ་ས་འགུལ་ཁྲོད་ལོ་ལྔ་ཅན་གྱི་བུ་མོ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་དེས་དགེ་ལེགས་ཚེ་རིང་ལ་མཚན་གཅིག་གི་རིང་ལ་རང་ཉིད་ནི་གཞི་ནས་རྒས་སོང་བའི་སྣང་བ་ཞིག་སྟེར་ཞིང་། ཡིན་ནའང་གུང་ཁྲན་ཏང་ཡོན་ཞིག་དང་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་