ལའོ་ཏུའུ་རྫོང་ཙོང་ཐར་ཞོལ་མའི་བོད་རིགས་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཡཱང་པདྨའི་གནས་ཚུལ་བཀོད་པ།
2013.11.07 ཁུངས། ཀློག་གྲངས། 34

སྟོན་ཟླ་དགུ་བའི་ལའོ་ཏུའུ་རྫོང་གི་ག་ས་གང་དུ་གསེར་མདོག་གིས་གཡོགས་ཤིང་ཞིང་བ་རྣམས་ཀྱིས་ཞིང་ཚིགས་རེ་རེ་ན་སྟོན་འབྲས་བསྡུ་བའི་རྔུལ་ཆུ་གཏོར་བཞིན་པའི་སྐབས་དེར་རྫོང་དེའི་ཙོང་ཐར་ཞོལ་མའི་བོད་རིགས་ཞང་གི་ལས་བྱེད་པ་ཞིག་གི་གོམ་པའི་འདེགས་འཇོག་ཀྱང་སྟོན་རླུང་དང་བསྡོངས་ནས་སྡེ་བའི་སྲང་ལམ་དང་རི་བོའི་ཕུགས་སུ་བསྒྱུར་བཞིན་འདུག མི་བུ་དེ་ནི་ཡཱང་པདྨ་ལགས་ཡིན་ལ། ལའོ་ཏུའུ་རྫོང་ཙོང་ཐར་ཞོལ་མའི་བོད་རིགས་ཞང་གི་ཏང་ཨུའི་ཧྲུའུ་ཅི་རེད།

ཡཱང་པདྨ1972ལོར་སྐྱེས་ཤིང་། 1993ལོར་བྱ་བའི་ལས་གནས་སྟེང་ཞུགས་པ་དང་། ཉིས་སྟོང་དྲུག་ལོའི་ཟླ་བཅུ་གཉིས་པར་ལའོ་ཏུའུ་རྫོང་ཙོང་ཐར་ཞོལ་མའི་བོད་རིགས་ཞང་གི་ཞང་ཀྲང་གི་འགན་ཁུར་ལ། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཞི་བར་ཞང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། ཁོས་སེམས་ཤུགས་དང་ནུས་ཤུགས་ཡོད་དགུ་བཏོན་ཏེ། ཙོང་ཐར་ཞོལ་མའི་སྡེ་དམངས་ཀྱི་ཆེད་དུ་འཕེལ་རྒྱས་ལ་བརྩོན་པ་དང་། མང་ཚོགས་ཀྱི་ཆེད་དུ་ཕྱུག་བསྒྱུར་གྱི་ལམ་ཁ་ལ་བསྙེགས་པས། སྔོན་ཆད་ནས་དབུལ་ཕོངས་ཡིན་པའི་བོད་རིགས་ཞང་འདི་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཅིག་བྱུང་དུ་བཅུག་ཡོད། ཡཱང་པདྨ་དང་ཐོག་ཙོང་ཐར་ཞོལ་མའི་བོད་རིགས་ཞང་དུ་བྱ་བར་ཞུགས་དུས། ཞང་ཡོངས་ཀྱི་སྡེ་བའི་བགྲོད་ལམ་ལ