ལྷ་ཆབ་སྔོན་མོའི་རླབས་རྒྱུན་དང་བསྡོངས་པའི་དཀའ་སྤྱད་ཀྱི་ལོ་ཟླ།
2014.01.14 ཁུངས། ཁྲིམས་ལུགས་ཚགས་པར། ཀློག་གྲངས། 73

0303.jpg

འཇིག་རྟེན། འཇིག་རྟེན་དུ་ཤེས་བ་ནས་བཟུང་། ཁོ་རང་བགད་མྱོང་ལ་ངུས་ཀྱང་མྱོང་། སྡུག་བསྔལ། སྡུག་བསྔལ་དུ་རྟོགས་པ་ནས་བཟུང་། ཁོ་རང་དགའ་མྱོང་ལ་སྐྱོ་ཡང་མྱོང་། ལས་དབང་། ལས་དབང་དུ་དྲན་པ་བཟུང་། ཁོ་རང་འཁྱམས་མྱོང་། དེ་རིང་། ཁོ་རང་དམ་ཚིག་ཅིག་གི་འོད་སྣང་ལ་འཚོལ་སྙེག་བྱེད་ཀྱིན། མི་རབས་ཤིག་གི་གྲལ་མཐའ་རུ་འཚིང་སྟེ་ལོ་ཟླ་ཞིག་གི་འཕེལ་རིམ་ལ་མཆོང་སྐྱོད་བྱེད་ཀྱིན། རང་ཉིད་ཀྱི་མི་ཚེ་མེ་རུ་སྦར་མྱོང་ལ་ལང་ཚོ་ཡི་མཛེས་སྡུག་གུར་དུ་ཕུབ་མྱོང་། འདི་ནི་རིགས་ཞེན་གྱི་དུང་ཞེན་ཡིན་ལ། འདི་ནི་གདོང་དམར་བའི་ཀི་རྒྱངས་ཡང་ཡིན། འདི་ནི་བཱ་ཡན་པའི་དཔའ་སེམས་ཡིན་ལ། འདི་ནི་དཔའ་ལུང་བའི་བློ་སྤོབས་ཡིན།

དཀའ་སྤྱད་ཀྱི་ལོ་ཟླ་ནི་ཕུགས་སེམས་ཀྱི་འཚོལ་སྙེགས་རེད།

ལྷ་ཆབ་སྔོན་མོ་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་ཀུང་སིའི་སྦྱིན་བདག་ཆེན་མོ་སྐུ་ཞབས་ཐབས་མཁས་རྒྱ་མཚོ་ནི་མདོ་སྨད་ཙོང་ལ་རིང་མོའི་རི་འདབས་ཀྱི་དགེ་ལྡན་བསྟན་པའི་ཆུ་མགོ་བྱ་ཁྱུང་དགོན་པའི་ཉེ་འདབས་ཀྱི་གླེས་ཐུང་ཞེས་པ