ཕྱི་རྒྱལ་ནས་སློབ་མཐར་ཕྱིན་ཏེ་ཕྱིར་ལོག་པའི་ཚེ་རིང་འབུམ་གྱིས་འབྲོག་ཁུལ་ནས་དྲེད་མོང་འགོག་པའི་ཐེབས་རྩ་བཙུགས་པ།
2014.02.27 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 45

1.jpg

༼སློབ་བུ་ཚེ་རིང་འབུམ།༽

ཕྱི་རྒྱལ་ནས་མིའི་རིགས་རིག་པའི་ཆེད་ལས་ལ་སློབ་སྦྱོང་བྱས་པའི་ཚེ་རིང་འབུམ་འབྲོག་པའི་སྡོད་ཁུལ་དུ་སོང་ནས་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁོས་ས་དེའི་ཁྱིམ་ཚང་ཞིག་ནས་ཁྱིམ་མི་དུ་ཡོད་པར་འདྲི་དུས། མི་དེས་ཁོ་རང་ཉིད་དང་། ཁོའི་ཕ་མ་གཉིས། བཟའ་ཟླ། བུ་བུ་མོ། ད་དུང་མིའི་རིགས་རིག་པར་སློབ་གཉེར་བྱེད་མཁན་ཞིག་ཀྱང་འདུག་ཞེས་བཤད་ལ། འདི་ནི་མིའི་རིགས་རིག་པར་ཞིབ་འཇུག་བྱེད་མཁན་ཞིག་གིས་ཡུལ་དངོས་ནས་ཞིབ་འཇུག་བྱེད་པ་དང་། ཡུལ་དངོས་ནས་རྟོག་དཔྱོད་བྱེད་པའི་བྱ་བ་ཞིག་རེད།

བློ་མཐུན་ཚེ་རིང་འབུམ་ད་ལོ་ལོ་ཉེར་བརྒྱད་ཡིན་པ་དང་། ཁོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་བོད་རིགས་སྡེ་བ་ཞིག་ཏུ་སྐྱེས་པ་དང་། ཉིས་སྟོང་བཅུ་གཉིས་ལོར་ཕྱི་རྒྱལ་ནས་སློབ་མཐར་ཕྱིན་རྗེས། ཁོས་ལས་ཡུལ་དང་པོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བ་སྤེལ་ཏེ། ཕ་ཡུལ་མང་ཚོགས་ལ་བྱས་རྗེས་འབུལ་རྒྱུའི་