བྱམས་ལྡན་གྱི་སྐྱེས་མ་ཞིག
2014.03.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 35

དགུན་ཁའི་ཉིན་ཞིག་གི་སྔ་དྲོར། སྒྲོལ་མ་མཚོ་དུས་རྒྱུན་དང་འདྲ་བར་གཅན་ཚ་རྫོང་འཆར་ལྡན་བུ་སྐྱེ་ཞབས་ཞུ་ས་ཚིགས་ཀྱི་ལས་གྲོགས་རྣམས་དང་མཉམ་དུ་སྟེང་སོ་ཞང་དུ་ཐོན་པ་དང་། ཁྱིམ་ཚང་ཞིག་ལ་ཐོན་ཚེ། ལོ་ན་བདུན་བརྒྱད་ཙམ་གྱི་བྱིས་པ་ཞིག་མལ་ཁྲའི་སྟེང་དུ་ཉལ་ཡོད། བྱིས་པ་དེར་མྱུར་བའི་རང་བཞིན་གྱི་བཤལ་ནད་བྱུང་བས། ཞང་གི་འཕྲོད་བསྟེན་ཁང་ནས་བཅོས་ཐབས་མེད་པ་དང་། མྱུར་དུ་རྫོང་སྨན་ཁང་དུ་སྐྱེལ་དགོས། འོན་ཀྱང་། ལམ་ཐག་ཅུང་རིང་བས་ཤ་ཉེ་མི་ཚང་མས་བྱིས་པའི་མཐའ་བསྐོར་ནས་ངུ་བཞིན་ཡོད། བྱིས་པ་མྱུར་སྐྱོབ་བྱེད་རྒྱུ་དེ་ནི་ཧ་ཅང་གལ་ཆེ་བས། སྒྲོལ་མ་ཚོས་མྱུར་དུ་ནད་གཞི་ངོས་འཛིན་བྱས་རྗེས། ཁོ་ལ་དངོས་སུ་སྨན་བླུད་དེ་ཁབ་བརྒྱབ་པ་དང་། དུས་ཚོད་ཉེར་བཞིའི་རིང་ལ་བྱིས་པ་དེའི་གམ་ནས་ལྟ་སྐྱོང་བྱས།

ཉིན་འགའི་རྗེས་སུ། བྱིས་པ་དེའི་ནད་སངས་དྲག་ཏུ་གྱུར། བྱིས་པའི་ཁྱིམ་མི་རྣམས་ཀྱི་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད་ལ། སྒྲོལ་མ་མཚོའི་གདོང་དུའང་དགའ་ཞིང་བློ་བདེ་བའི་ཉམས་ཞིག་ཤར་ཡོང་། སྒྲོལ་མ་མཚོ་ནི་གཞི་རིམ་གྱི་སྤྱིར་བཏང་གི་འཆར་ལྡན་བུ་སྐྱེ་ཡི་ལས་བྱེད་མི་སྣ་ཞིག་ཡིན་ལ། 1984ལོར་ཁོ་མོ་རྨ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། གཅན་ཚ་རྫོང་སྣང་ར་འཕྲོད་བསྟེན