ཁའི་སྨུག་པོ་གསོ་བ། ལྒ་ཆུ་དྲོན་མོ་དེ་ཇ་ཡི་ཚབ་བྱས་ནས་ཁ་བཤལ་བ་དང་། ཉིན་རེར་ཐེངས་གཉིས་ནས་གསུམ་དང་། སྤྱིར་བཏང་དུ་ཐེངས་དྲུག་ནས་དགུ་ལ་བྱས་ཚེ་སྨུག་པོ་དྲག་སྲིད།
སོ་རྙི་གཉན་ཚད། ཐོག་མར་ལྒ་ཆུ་དྲོན་མོས་སོ་དྲེག་གཙང་མར་བཀྲུ་བ་དང་། དེ་ནས་ཇ་བཞིན་ལྒ་ཆུ་དྲོན་མོ་འཐུང་དགོས། ཉིན་རེར་ཐེངས་གཅིག་ནས་གཉིས་ལ་འཐུང་བ་དང་། སྤྱིར་བཏང་དུ་ཐེངས་དྲུག་ཡས་མས་སུ་བཏུང་ཚེ་གཉན་ཚད་སེལ་ཐུབ།
མགྲིན་པ་སྐྲང་ནས་ན་བ། ལྒ་ཆུ་དྲོན་མོས་ཁ་བཤལ་བ་དང་ཉིན་རེའི་ནངས་དགོང་ལ་ཐེངས་རེ་དང་། གལ་ཏེ་མགྲིན་པ་ཟ་འཕྲུག་ལངས་ཚེ་ལྒ་ཆུ་དྲོན་མོའི་ནང་དུ་ཚྭ་ཉུང་ཙམ་བཏབ་ནས་ཇ་བཞིན་འཐུང་དགོས། ཉིན་རེར་ཐེངས་གཉིས་ནས་གསུམ་དང་། སྤྱིར་བཏང་དུ་ཐེངས་དགུ་ཡས་མས་ལ་འཐུང་ཚེ་གཉན་ཚད་སེལ་ནས་ན་ཟུག་མེད་འགྲོ།
སོ་རུལ་གསོ་བ། ཉིན་རེའི་ནངས་དགོང་ལ་ལྒ་ཆུ་དྲོན་མོས་ཁ་ནང་ཐེངས་གཅིག་ལ་བཤལ་བ་རྒྱུན་འཁྱོངས་བྱེད་པ་དང་མཉམ་དུ་ཉིན་རེར་ཇ་བཞིན་ལྒ་ཆུ་དྲོན་མོ་ཐེངས་འགའ་འཐུང་དགོས། ཐབས་འདིས་སོ་སྲུང་སྐྱོབ་བྱེད་ཐུབ་པ་དང་སོ་རུལ་བ་སྔོན་འགོག་དང་གསོ་བར་ཡང་ཧ་ཅང་ཕན།
ཆམ་ནད་བྱུང་ནས་མགོ་ན་བ། རྐང་བ་གཉིས་ལྒ་ཆུ་དྲོན་མོའི་ནང་དུ་སྦངས་བ་དང་། སྦངས་སྐབས་ལྒ་ཆུ་དྲོན་མོའི་ནང