$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2013.11.04 ཡོང་ཁུངས།
0
0

“4.14”ཡུས་ཧྲུའུ་ས་འགུལ་གྱི་གནོད་འཚེ་རྗེས་སུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་ཅུའུ་ཡིས་དུས་ཐོག་ཏུ་གནོད་སེལ་རིམས་འགོག་དང་སྨན་བཅོས་རོགས་སྐྱོར་ཇུས་གཞི་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་སྟོབས་ཤུགས་ཡོད་དགུས་གནད་འགོག་གནོད་སེལ་བྱ་བ་སྤེལ་མགོ་བརྩམས། ཞིང་ཆེན་ཕྱི་ནང་གི་འཕྲོད་བསྟེན་ཁོངས་གཏོགས་དང་རྒྱལ་ཁབ་ཀྱི་སྨན་བཅོས་རོགས་སྐྱོར་ཀྱི་ཆེད་མཁས་པའི་དཔུང་སྡེ་དང་སྨན་བཅོས་ཡོ་བྱད་ཀྱི་རོགས་སྐྱོར་ཐོབ་པའི་དུས་མཚུངས་སུ། ཁུལ་ཡོངས་ཀྱི་ཆེད་ལས་མི་སྣ་ལྔ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་སྨན་བཅོས་སྲོག་སྐྱོབ་ཡན་ལག་རུ་ཁག་ཆུང་བ་འགའ་བཙུགས་ནས། ཞིང་ཆེན་ཕྱི་ནང་གི་འཕྲོད་བསྟེན་རོགས་སྐྱོར་རུ་ཁག་དང་མཉམ་དུ་ཧུར་ཐག་གིས་སྨན་བཅོས་རོགས་སྐྱོར་བྱ་བ་སྤེལ་ཏེ། གནོད་འགོག་གནོད་སེལ་གྱི་སྨན་བཅོས་མྱུར་སྐྱོབ་བྱ་བར་བྱས་རྗེས་ཆེན་པོ་བཞག
   མིག་སྔའི་བར་དུ་ཁུལ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཁུལ་བོད་སྨན་ཁང་གཉིས་ཀྱི་བཟོ་སྐྲུན་གཙོ་བོ་ལས་འགྲུབ་བྱུང་བ་དང་། གནོད་ཤུལ་རྗེས་ཀྱི་བསྐྱར་འཛུགས་ལས་གཞི་གཞན་པ་རྣམས་བདེ་བླག་ངང་སྤེལ་བཞིན་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།

  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།