སྦྲང་རྩི་ནང་དུ་ཤ་དུག་འབུ་ཕྲའི་སྦྲུམ་སྒོང་གནས་ཡོད་ཅིང་། བྱིས་པའི་རྒྱུ་མའི་ནང་གི་སྐྱེ་དངོས་ཕྲ་རབ་ཀྱི་སྐྱེ་ཁམས་དོ་མཉམ་དེ་དེ་འདྲའི་གཏན་འཇགས་ཤིག་མིན་པས། ཁོག་ཏུ་ཟོས་པའི་འབུ་ཕྲའི་སྦྲུམ་སྒོང་རྒྱུ་མའི་ནང་དུ་གཏན་སྡོད་བྱས་ཏེ་དུག་རྫས་འབྱུང་བ་དང་། དེ་ནས་ནད་རིགས་བསྐྱེད་པ་ཡིན། ནད་རིགས་འདི་འབྱུང་བའི་སྔ་ལྟས་སུ་གཅིན་འགག་གི་ནད་འབྱུང་བ་ཡིན། ཉིན་བཅུ་ལྷག་འགོར་རྗེས་ཟས་ཀྱི་ཡི་ག་ཆད་པ་དང་གཉིད་ལ་དགའ་བ། ངུ་སྐད་ཇེ་ཆུང་དུ་འགྲོ་བ། དེ་ལས་ཀྱང་ཆེས་འབུར་དུ་ཐོན་པའི་མངོན་རྟགས་ཞིག་ཡོད་པ་ནི་མགོ་ཡར་འགྱོགས་མི་ཐུབ་པ་དེ་ཡིན། བྱིས་པ་ལ་ལ་ད་དུང་གློ་བུར་དུ་དབུགས་ཆད་འགྲོ་བས་ལོ་གཅིག་མ་ལོན་པའི་བྱིས་པར་སྦྲང་རྩི་བཟའ་རུ་འཇུག་མི་རུང་།
«ཞིང་གྲོང་ཁྱིམ་ཚང་གི་འཚོ་བཅུད་དང་འཕྲོད་བསྟེན»དེབ་ཆུང་ལས་བཤུས།
རྩོམ་སྒྲིག་པ། འབྲུག་མོ།