ཚང་མས་ཤེས་གསལ་ལྟར། སྲོག་ཆགས་ཁྲོད་ཀྱི་གཅན་གཟན་ཏེ་དཔེར་ན་སྟག་དང་གཟིག སྤྱང་ཀི དོམ་སོགས་ནི་ལྷན་སྐྱེས་ནས་གདུག་རྩུབ་ཆེ་ལ། རྩྭ་གཟན་གྱི་རིགས་ཏེ་དཔེར་ན་ཤྭ་བ་དང་ལུག རི་བོང་། ཕག་སོགས་ནི་གཤིས་ཀ་འཇམ། འགྲོ་བ་མིའི་ཁྲོད་དུའང་དེ་དང་ཆ་འདྲ་བའི་སྣང་ཚུལ་ཁྱད་མཚར་ཞིག་ལྡན་པ་ནི། ཕྱུགས་གཉེར་བའི་མི་རིགས་ལ་མཚོན་ན་རང་གཤིས་ཅུང་རྩུབ་ཅིང་གྱོང་ལ། འགྲན་རྒོལ་ལ་དགའ་བ་ཡིན། ནུབ་ཕྱོགས་ཀྱི་མི་ནི་རང་གཤིས་གྱོང་ཞིང་རྩུབ་ལ། རབ་བྱུང་པ་རྣམས་ནི་སེམས་ཁམས་དྭངས་ཤིང་རང་གཤིས་ཅུང་འཇམ་པ་དང་། འགྲན་རྩོད་ལ་མི་དགའ། ཡ་གླིང་གི་མི་ནི་འཇམ་པ་སོགས་རང་གཤིས་མི་འདྲ་བ་ནི་ཁོ་ཚོའི་ཡུན་རིང་ལ་གོམས་གཤིས་སུ་སོང་བའི་བཟའ་བཏུང་དང་འབྲེལ་བ་ཡོད་པ་ཡིན། སྔོན་མ་གཉིས་ནི་ཡུན་རིང་ལ་ཤའི་རིགས་དང་འོ་རིགས་ལ་རོལ་བས་ཁྲག་རྒྱུན་ཁྲོད་དུ་རྡོ་ཇ་ཧྥིན་ཨན(儿茶酚胺)ཞེས་པའི་རྫས་ཅུང་མང་ཞིང་། གཞན་པ་དག་ཡུན་རིང་ལ་ཚལ་རིགས་དང་ཤིང་ཏོག་རིགས། སྲན་རིགས་སོགས་སྐྱེ་དངོས་ཅན་གྱི་ཟས་གཙོར་བསྟེན་ཞིང་ཆང་ཡང་མང་པོ་མི་འཐུང་བས་ཡུན་གྱིས་ཁྲག་རྒྱུན་དུ5-ཁྱང་སིག་ཨན (5-羟色胺)གྱི་ཚད་ཅུང་མཐོ་བ་ཡིན། ཁྲག་རྒྱུན་ཁྲོད་རྡོ་ཇ་ཧྥིན་ཨན
