$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2013.11.04 ཡོང་ཁུངས།
0
0

དབྱར་གཞུང་རིང་བོ་འདས་རྗེས། ལུས་ནས་ཤོར་བའི་རྔུལ་ཆུ་རྣམས་ཆུ་འཐུང་བ་ལས་ཁ་གསབ་བྱེད་ཐུབ་ལ། རྔུལ་ཆུ་དང་མཉམ་དུ་ཤོར་བའི་ཏི་ཚ་ཞེས་པའི་གསོ་རྫས་དེ་ཆུ་འཐུང་པ་ཙམ་གྱིས་ཁ་གསབ་བྱེད་མི་ཐུབ།

ལུས་ཕུང་དུ་ཏི་ཚ་ཇེ་ཉུང་དུ་སོང་བ་ན། མི་ལུས་ཀྱི་ཆ་ཐམས་ཅད་ལ་མི་ཕན་ཞིང་། ལྷག་པར་དུ་སྐྱེ་འཕེལ་མ་ལག་ལ་གནོད་དེ་གསང་རྟགས་གཤེར་རྨེན་སྨིན་དཀའ་བ་དང་། སྐྱི་པགས་ལའང་མི་ཕན་པར་རྨ་ཁ་སོས་དཀའ་བ་དང་པགས་ནད་འབྱུང་བ་ཡིན། རྒྱུ་མཚན་ནི་ཏི་ཚ་ཞེས་པའི་གསོ་རྫས་འདི་ཉིང་སྐྱུར་དང་སྤྲི་དཀར་གྱི་རྙིང་ཚབ་གསར་བརྗེ་ཁྲོད་ནུས་པ་གལ་ཆེན་འབྱིན་ཞིང་། གསོ་རྫས་འདིས་མ་འདང་ན་ལུས་སྟོབས་ལ་གནོད་དེ་རྨེན་བུའི་ཕྲ་ཕུང་གི་འགྱུར་ལམ་འགག་འགྲོ། གཞན་ཡང་ལུས་ཕུང་དུ་ཏི་ཚ་ཇེ་ཉུང་དུ་ཕྱིན་ན། ལྕེ་དབང་ལའང་གནོད་པས་ཟས་ལ་མི་དགའ་བ་དང་། སྣའི་ཚོར་བ་དང་ལྕེའི་ཚོར་བ་ཡང་རྒྱུན་ལྡན་མིན་པར་འགྱུར་ངེས་པ་མ་ཟད། དེ་དག་གི་བྱེད་ནུས་ཀྱང་ཉམས་འགྲོ་བ་ཡིན།

དབྱར་ཁའི་ཚ་བ་འདས་རྗེས། གོང་གི་ནད་རྟགས་སོགས་བྱུང་བ་ན། ཐོག་མར་གསོ་རྫས་ཏི་ཚ་ལུས་ཕུང་ལས་ཤོར་བར་བསམ་བློ་གཏོང་དགོས། བཅོས་ཐབས་ནི་སྤྲི་དཀར་མང་བོའི་བཟའ་བཏུང་དང་སྒོ་ཕྱུགས་སོགས་ཀྱི་ནང་ཁྲོལ་མང་ཙམ་ཟ་དགོས། གཞན་ཏི་ཚ་ཅན་གྱི་སྨན་ཁུ་སྟེ་རྒུན་འབྲུམ་མངར་ཆའི

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།