ཚན་རིག་དང་མཐུན་པར་ཟས་ཐུན་གསུམ་བཀོད་སྒྲིག་བྱས་ན་ལུས་ཕུང་བདེ་ཐང་ལ་ཤིན་ཏུ་ཕན། ནམ་རྒྱུན་དགོང་ཟས་ཟོས་པ་འགྲངས་དྲགས་ན་གཤམ་གསལ་གྱི་ན་ཚ་འབྱུང་སྲིད་པ་ཡིན།
ཚོ་འབུད་པའི་ནད།
ན་ཚོད་སྨིན་ནས་མི་དར་མར་སླེབས་རྗེས། ལུས་སུ་ཚིལ་གསོག་ཚད་ཇེ་མགྱོགས་སུ་འགྲོ་ངེས། དགོང་ཟས་འགྲངས་ཚད་ཟོས་ན་ཁྲག་གི་མངར་ཆ་དང་ཨན་གཞི་སྐྱུར་དང་ཚིལ་སྐྱུར་གྱི་ཚད་མཐོ་རུ་ཕྱིན་ཏེ་གཤེར་མའི་ཕུང་རྩིའི་ཟགས་ཚད་ཇེ་མང་དུ་འགྲོ་ངེས། དྲོད་ནུས་ལྷག་མ་རྣམས་གཤེར་མའི་ཕུང་རྩིའི་ནུས་པས་ཚིལ་དུ་བསྒྱུར་ཏེ་མི་ལུས་ཚོ་པོར་གྱུར་བ་ཡིན།
གཅིན་སྙིའི་ནད།
དགོང་ཟས་མང་པོ་ཟ་བའི་གོམས་གཤིས་མུ་མཐུད་རྒྱུན་བསྐྱངས་ན་གཤེར་མའི་ཕུང་རྩི་ལ་ཡང་ནས་ཡང་དུ་ཕོག་ཐུག་བྱུང་སྟེ་གཤེར་མའི་ཕུང་རྩི་མང་པོ་ཟགས་ཡོང་བ་དང་། མཐའ་མར་གཤེར་མའི་ཕུང་རྩི་B ཡི་ཕྲ་ཕུང་མགྱོགས་པོར་ཟད་པས་གཅིན་སྙིའི་ནད་འབྱུང་བ་ཡིན།
རྒྱུ་སྐྲན་གྱི་ནད།
དགོང་ཟས་ཀྱི་ཚད་མང་དྲགས་ན། ཟས་དེ་དག་དུས་ལྟར་འཇུ་མ་ཐུབ་པར་རྒྱུ་མ་འགག་ནས་རྒྱུ་སྐྲན་བྱུང་བ་ཡིན།
ཏོག་དབྱིབས་སྙིང་ནད་དང་ཁྲག་ཤེད་མཐོ་བའི་ནད།
དགོང་ཟས་མང་དྲགས་པ་དང་། ལྷག་པར་དུ་ཚིལ་དང་སྤྲི་དཀར་མཐོ་བའི་ཟས་རིགས་ཟོས་ན་ཁྲག་སྤྲི་དེ་མ་ཐག་