ཅི་ཞིག་ལ་སྐྱེ་དངོས་ཕྲ་རབ་ཟེར།
སྐྱེ་དངོས་ཕྲ་རབ་ནི་མིའི་མིག་གིས་མཐོང་མི་ཐུབ་པའི་སྐྱེ་དངོས་ཧ་ཅང་ཆུང་བ་དེ་དག་ལ་ཟེར་ཞིང་། སྐྱེ་དངོས་ཕྲ་རབ་ཀྱི་རིགས་དེ་ནི་ཕྲ་ཕུང་མཐོང་ཤེལ་དང་གློག་རྡུལ་ཕྲ་ཕུང་མཐོང་ཤེལ་འོག་ནས་ད་གཟོད་མཐོང་ཐུབ། སྐྱེ་དངོས་ཕྲ་རབ་དེར་རིགས་ཧ་ཅང་མང་བ་དང་། དེ་དག་ཞིང་ས་དང་མཁའ་དབུགས། ཆུ། མིའི་ལུས་ཐོག་དང་ཡང་ན་ཕྱི་རོལ་ཡུལ་བཅས་སུ་ཁྱབ་ཡོད་པས། ཐད་ཀར་རམ་ཡང་ན་གཞན་བརྒྱུད་ལ་བརྟེན་ནས་མིའི་རིགས་ཀྱི་འཚོ་བར་ཤུགས་རྐྱེན་བཟོ་སྲིད་ཅིང་། སྐྱེ་དངོས་ཕྲ་རབ་ཁ་ཤས་ནི་བཟོ་ལས་དང་ཞིང་ལས་སྟེང་བཀོལ་སྤྱོད་བྱས་ཆོག་སྟེ། དཔེར་ན། འབུ་ཕྲའི་རིགས་ཀྱི་ལུད་རྫས་དང་ཨ་རག འབུ་ཕྲ་འགོག་བྱེད་སྨན་རྫས་སོགས་བཟོ་བ་ལྟ་བུ་དང་། ཡང་ཁག་ཅིག་གིས་མིའི་རིགས་དང་སྒོ་ཕྱུགས་སོགས་ལ་ནད་ཡམས་འབྱུང་དུ་འཇུག་སྲིད་པས། སྐྱེ་དངོས་ཕྲ་རབ་དེ་ང་ཚོའི་ལུས་ཁམས་བདེ་ཐང་དང་སྤྱི་ཚོགས་དཔལ་འབྱོར་བཅས་ལ་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན།
ཅི་ཞིག་ལ་འགོ་ནད་ཟེར།
གསོ་བ་རིག་པ་ལས་དེ་ལ་ནད་ཡམས་དང་ཡང་ན་རིམས་ནད་ཟེར་ཞིང་། དེ་ནི་ནད་གཞི་འབྱུང་རྐྱེན་གྱི་སྐྱེ་དངོས་ཕྲ་རབ་དེ་མི་ཚོགས་ཀྱི་ཁྲོད་དུ་ཕན་ཚུན་བར་མཆེད་པའི་ནད་རིགས་ཅིག་ཡིན་ལ། འགོ་ནད་དེར་འགོས་ཁྱབ་རང་བཞིན་ལྡན་པས། མི་