རིམས་འགོག་སྨན་རྫས་བཀོལ་རྗེས་རྒྱུན་ལྡན་གྱི་སྣང་ཚུལ་གང་དག་ཡོད།
རྒྱུན་ལྡན་གྱི་སྣང་ཚུལ་ནི་སྨན་གྱི་ཁྱད་ཆོས་ལས་བྱུང་བ་ཞིག་ཡིན་པས། ལུས་ཁམས་ལ་གནོད་པ་ཆེན་པོ་མེད་ཅིང་། དེའི་སྣང་ཚུལ་གྱི་ཚབས་ཆེ་ཆུང་ཡང་སྨན་རྫས་མི་འདྲ་བར་བརྟེན་ཁྱད་པར་ཡོད་པ་ཡིན།
གཅིག ཕྱོགས་ཙམ་གྱི་སྣང་ཚུལ་ནི། རིམས་འགོག་སྨན་རྫས་བཀོལ་སར་དམར་པོར་འགྱུར་བ་དང་སྐྲང་བ། ཚ་རྒྱས་པ་དང་ན་ཟུག་ལངས་བ་སོགས་ཀྱི་སྣང་ཚུལ་འབྱུང་ཞིང་། སྣང་ཚུལ་དེ་སྤྱིར་བཏང་དུ་ཉིན་གསུམ་ནས་ལྔ་བར་འགོར་སྲིད།
གཉིས། ལུས་ཡོངས་རང་བཞིན་གྱི་སྣང་ཚུལ་ནི། འགོག་སྨན་བརྒྱབ་རྗེས་ལུས་ཀྱི་ཚ་བ་ཇེ་མཐོར་འགྲོ་ཞིང་། ཕལ་ཆེར་ཉིན་གཅིག་ནས་གཉིས་བར་འབྱུང་སྲིད། མི་ལ་ལ་ཞིག་ལ་ད་རུང་མགོ་ན་བ་དང་མགོ་ཡོམ་འཁོར་བ། གྲང་འདར་རྒྱག་པ། ལུས་ལ་ཤུགས་མེད་པ། ལུས་ཡོངས་མི་བདེ་བའི་ཚོར་སྣང་སྐྱེས་པ་སོགས་ཀྱི་དུག་ཕོག་རང་བཞིན་ལྡན་པའི་སྣང་ཚུལ་འབྱུང་སྲིད་པ་དང་། སྤྱིར་བཏང་དུ་དུས་ཚོད24ཡི་ནང་ཡལ་འགྲོ་བ་དང་། ཉིན་གཉིས་ནས་གསུམ་བར་བསྟུད་མར་བྱུང་མཁན་མེད།
ཕྱོགས་ཙམ་དང་ཡང་ན་ལུས་ཡོངས་སུ་རྒྱུན་ལྡན་གྱི་སྣང་ཚུལ་འབྱུང་བར་སྤྱིར་བཏང་དུ་སྨན་བཅོས་བྱེད་མི་དགོས་པར་ངལ་གསོ་ཅུང་ཙམ་བྱས་རྗེས་རིམ་བཞིན་རྒྱུན་ལྡན་དུ་འགྱུར་སྲིད།