མ་བུ་བདེ་སྲུང་ཆེད་ལས་མི་སྣས་སྦྲུམ་མའི་བདེ་འཇགས་ཁག་ཐེག་དང་བདེ་བླག་ངང་བཙའ་བ། བཙས་རྗེས་ཀྱི་མ་བུ་བདེ་འཇགས་ཐད་ལ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད། མ་བུ་བདེ་སྲུང་མི་སྣའི་སྤུས་ཚད་དང་ནུས་པ་བཟང་ངན་དེ་ཐད་ཀར་ཁྱིམ་ཚང་རེ་རེའི་བདེ་སྐྱིད་དང་མི་རིགས་ཡོངས་ཀྱི་དར་རྒྱས་ལ་འབྲེལ་བ་ཡོད་པས། གཤམ་དུ་དུས་རབས་གསར་བའི་མ་བུ་བདེ་སྲུང་མི་སྣར་འཛོམས་དགོས་པའི་ཡོན་ཏན་སྐོར་གླེང་བར་བྱ།
མ་བུ་བདེ་སྲུང་ཆེད་ལས་མི་སྣར་ཁྲིམས་ལུགས་ཀྱི་འདུ་ཤེས་མཐོན་པོ་ལྡན་དགོས། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ནས་ཏང་དང་སྲིད་གཞུང་གིས་མ་བུ་བདེ་སྲུང་བྱ་བར་མཐོང་ཆེན་བྱས་པ་དང་། མ་བུ་བདེ་ཐང་དེ་འཕྲོད་བསྟེན་བྱ་བའི་ཁྲོད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ༡༩༨༤ལོར་དངོས་སུ་མ་བུ་འཕྲོད་བསྟེན་བྱ་བའི་སྲོལ་ཡིག་ཁྱབ་བསྒྲགས་བྱས། དེར་མཐུད་ནས་མ་བུ་བདེ་འཇགས་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པ་མ་ཟད་དེའི་བྱེད་ཐབས་ལག་བསྟར་བྱས། འཆར་ལྡན་བུ་སྐྱེའི་ལག་རྩལ་ཞབས་ཞུའི་དོ་དམ་སྲོལ་ཡིག་དང་བུད་མེད་ལས་བཟོ་བའི་ངལ་རྩོལ་སྲུང་སྐྱོང་སྐོར་གྱི་གཏན་འཁེལ། མ་བུ་བདེ་སྲུང་ཆེད་སྤྱོད་ལག་རྩལ་ཞབས་ཞུ་ཆོག་འཐུས་དང་མི་སྣའི་ཐོབ་ཐང་དོ་དམ་བྱེད་ཐབས། མ་བུ་ཆེད་སྤྱོད་ལག་རྩལ་ཞབས་ཞུའི་ཚད་གཞི། གཉེན་མ