མངལ་མ་སྦྲུམ་གོང་ནས་ལོ་མའི་སྐྱུར་རྒྱུ་ཁ་གསབ་བྱེད་དགོས་ཏེ། ལོ་མའི་སྐྱུར་རྒྱུ་ནི་མི་ལུས་ལ་ངེས་པར་མཁོ་བའི་འཚོ་བཅུད B རིགས་སུ་གཏོགས་ཤིང་། དེ་ནི་བཅུད་རྗས་རིགས་གལ་ཆེན་ཞིག་ཡིན། རང་རྒྱལ་གྱི་བུད་མེད་རྣམས་ཀྱི་ལུས་སྟེང་དུ་ལོ་མའི་སྐྱུར་རྒྱུ་འདུས་ཚད་ཡོངས་ཁྱབ་ཀྱིས་ཅུང་དམའ། བུད་མེད་ལ་མངལ་སྦྲུམ་པའི་སྐབས་སུ་གལ་ཏེ་ལུས་སྟེང་དུ་ལོ་མའི་སྐྱུར་རྒྱུས་མ་འདང་ན་སྦྲུམ་བུའི་དབང་རྩ་ཡ་མ་གཟུགས་སུ་འགྱུར་ཉེན་ཆེ།
ཅིའི་ཕྱིར་མངལ་མ་སྦྲུམ་གོང་ནས་ལོ་མའི་སྐྱུར་རྒྱུ་ཁ་གསབ་བྱེད་དགོས་པ་ཡིན། མངལ་སྦྲུམ་རྗེས་ལོ་མའི་སྐྱུར་རྒྱུ་ཁ་གསབ་བྱས་ན་མི་ཆོག་གམ་ཞེ་ན།
བུད་མེད་ལ་མངལ་ཆགས་རྗེས་ཀྱི་ཐོག་མའི་ཟླ་ངོ་གཉིས་ནི་སྦྲུམ་བུའི་དབང་རྩའི་མ་ལག་རྣམས་ཆགས་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། དུས་སྐབས་དེར་གལ་ཏེ་ལོ་མའི་སྐྱུར་རྒྱུ་ཡིས་མ་འདང་ན། དབང་རྩ་ཡ་མ་གཟུགས་སུ་འགྱུར་ཉེན་ཧ་ཅང་ཆེ། འོན་ཀྱང་ང་ཚོ་བུད་མེད་རྣམས་ཀྱིས་རང་ཉིད་ལ་མངལ་ཆགས་ཡོད་པ་དེ་ཟླ་གཅིག་ལྷག་གི་རྗེས་སུ་མ་གཏོགས་མི་ཤེས་ཤིང་དེ་དུས་ད་གཟོད་ལོ་མའི་སྐྱུར་རྒྱུ་ཁ་གསབ་བྱས་ན་སྦྲུམ་བའི་དབང་རྩ་ཡ་མ་གཟུགས་སུ་འགྱུར་བ་སྔོན་འགོག་བྱེད་པའི་གནད་འགག་གི་དུས་སྐབས་དེ་ཤོར་ཟིན་པས་འཕྱི་སོང་བ་རེད། ལྷག་པར་དུ་ར