སྦྲུམ་དུས་ཀྱི་སློབ་གསོ་དང་བྱིས་དུས་ཀྱི་སློབ་གསོའི་སློབ་དཔོན་སུས་ཀྱང་འགྲན་ཟླ་མེད་པ་ནི་སྐྱེས་མ་ཡིན་ལ། འོན་ཀྱང་སྦྲུམ་དུས་ཀྱི་སློབ་གསོའི་ཁྱབ་ཁོངས་ནང་ཁྱོ་གའི་བརྩེ་སེམས་ཀྱི་གཅེས་སྐྱོང་དང་། ནང་མི་ཉེ་འབྲེལ་གྱི་རྒྱབ་སྐྱོར་འོག སྦྲུམ་མ་རང་གི་ཤ་ཁྲག་དང་སེམས་རྒྱུད་ལས་གྲུབ་པའི་གཅེས་ཕྲུག་དེ་རང་གཤིས་བཟང་ཞིང་བློ་རིག་གསལ་བ། དབང་བོ་དང་ཡན་ལག་ཚང་ཞིང་། བྱད་གཟིགས་ལེགས་པ་ཞིག་སྐྱེས་དགོས་ན། སྦྲུམ་དུས་ཀྱི་ཉིན་ཉིས་བརྒྱ་བརྒྱད་ཅུའི་དུས་ཡུན་ནང་འཕྲོད་པ་བསྟེན་ཤེས་དང་། མི་འཕྲོད་པ་སྤང་དགོས་པའི་སློབ་གསོའི་རིམ་པ་ཁག་ནི་ཤིན་ཏུ་གལ་ཆེ་བ་ཡིན།
དེ་ཡང་བུད་མེད་ཚོས་གཉེན་སྒྲིག་སྔ་བ་དང་ཕྲུ་གུ་འཁོར་སྔ་བའི་སྐྱོན་ལ་དོ་སྣང་བྱེད་དགོས་སྟེ། སྐྱེས་པ་དང་བུད་མེད་གང་ཡིན་རུང་རང་ལོ་ཉི་ཤུ་མ་ལོན་པའི་སྔོན་དུ། དར་ལ་མ་བབས་པའི་ལུས་ཟུངས་ཀྱི་ཁམས་དཀར་དམར་གྱི་ཚད་གཞི་དང་གསོག་ཚད་འདང་ཚིམ་པ་མེད་པས། མངལ་གནས་བྱིས་པའི་འཚར་སྐྱེ་ལ་གནོད་སྐྱོན་འབྱུང་སྲིད། དེར་བརྟེན་ལོ་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་ཀྱི་བར་བུད་མེད་ཚོར་མངལ་ཆགས་ན། མ་བུའི་བདེ་ཐང་ལ་གནོད་སྐྱོན་འབྱུང་སྲིད་ལ། ལོ་ཉི་ཤུ་ལོངས་རྗེས་གཉེན་སྒྲིག་པ་དང་མངལ་ཆགས་ན་ཧ་ཅང་འཚམས་པ་ཡིན། མདོར་ན་མངལ་ཆགས་པའི་དུས་རིམ་ཟླ