སྦྲུམ་དུས་ཀྱི་ཟས་སྐོམ་འཕྲོད་བསྟེན་ཡང་བོད་ཀྱི་གསོ་རིག་རྒྱུད་བཞི་ལས། སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡིས། ཁ་ཟས་མི་འཕྲོད་ཟོས་པས་འཐབ་པ་དང་། མ་གོམས་དུས་མིན་ཟོས་པས་དུག་ཏུ་འགྱུར། ཞེས་པ་དང་། རྩོལ་བཅས་སྣུམ་བསྟེན་དྲོད་ཆེ་དར་ལ་བབ། སྟོབས་ལྡན་གོམས་པར་ཟོས་ལ་གནོད་མི་འགྱུར། ཞེས་དང་། མི་འཕྲོད་འཕྲོད་པར་བསྟེན་ནམ་སྤང་བྱེད་ན། འདྲིས་གོམས་སྒོ་ནས་ཆ་ཡིས་བསླབ་པར་བྱ། གནོད་པ་གནོད་བྱའི་བདག་ཉིད་ཉེར་གྱུར་པས། ཕན་མེད་གནོད་པར་བྱེད་པ་མཁས་པས་སྤང་། ཞེས་གསུངས་པ་བཞིན་ཟས་སྐོམ་གྱི་སྤང་བླང་ཚུལ་བཞིན་བྱ་དགོས།
གཅིག སྦྲུམ་མའི་ཟས་སྐོམ་གྱི་སྤང་བླང་། འཇུ་དཀའ་བ་དང་བསིལ་ཆེ་བའི་ཤ་རིགས་སོགས། རུལ་བ་དང་རྙིང་བའི་ཟས་སྐོམ་སྤྱི་དང་། ཁྱད་པར་དུ་དེ་སྔོན་ཟ་འཐུང་བྱ་མ་མྱོང་བའི་ཟས་སྐོམ་གྱི་རིགས་དང་། དུས་ཟས་མ་ཡིན་པར་གང་བྱུང་དུ་ཟ་བ་བཅས་ལ་ཡིད་གཟབ་བྱེད་དགོས། དེའི་ཐད་དེང་དུས་ཟས་རིགས་འཕྲོད་བསྟེན་གྱི་ཆེད་མཁས་པས་བཤད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁ་ཟས་འཕྲོད་པ་བསྟེན་པ་ལ། བཞི་ཉུང་གཅིག་མང་བྱེད་དགོས་པ་བསྟན་ཡོད། དེ་ཡང་བཞི་ཉུང་བ་ནི་སྣུམ་ཉུང་བ་དང་ཚྭ་ཉུང་བ། མངར་ཆ་ཉུང་བ། སྤྲི་དཀར་ཉུང་བ་བཅས་ཡིན་ལ། གཅིག་མང་བ་ནི་རྒྱུས་རིགས་མང་བའི་ཟས་རིགས་སྟེ། འབྲུ་རིགས་དང་སྔོ་ཚོ