2009ལོའི་ཟླ་བདུན་པ་ནས་སྤེལ་མགོ་བརྩམས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལས་གཞི་ནི། མི་ཚོགས་ཆེས་མང་བོར་ཕན་འབྲས་ཐོབ་པའི་རང་རྒྱལ་གྱི་སྤྱི་པའི་འཕྲོད་བསྟེན་གྱི་འཐབ་ཇུས་ཤིག་ཡིན། འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཁྲིན་ཀྲུའུ་ཡིས་ཉེ་ལམ་བཤད་རྒྱུར། ད་ལོའི་ཟླ་དྲུག་པའི་ཟླ་མཇུག་གི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་གཞུག་ཏུ་བཏང་བའི་ལས་གཞིའི་གྲོན་དངུལ་སྒོར་མོ་དུང་ཕྱུར350ལས་བརྒལ་བ་དང་། ས་གནས་ཀྱིས་སྒོར་མོ་དུང་ཕྱུར300ལྷག་བཏང་ཡོད་ཟེར།
འཕྲོད་བསྟེན་པུའུ་ཡིས་ཉེ་ལམ་པེ་ཅིན་ནས་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལས་གཞིའི་སྐུལ་འདེད་ཚོགས་འདུ་བསྡུས་པ་དང་། པུའུ་ཀྲང་ཁྲིན་ཀྲུའུ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཁོས་བཤད་རྒྱུར། ཉེ་བའི་ལོ་གཉིས་ཀྱི་ནང་། རིམ་པ་སོ་སོའི་སྲིད་གཞུང་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་མ་དངུལ་གཏོང་ཚད་སྔར་ལས་ཇེ་མང་དུ་བཏང་ནས། སྨན་ཁང་གི་ཁང་བ་འཛུགས་སྐྲུན་དང་སྒྲིག་ཆས་སྒྲིག་སྦྱོར། མི་སྣ་སོགས་ཀྱི་གྲོན་དངུལ་གཏོང་བ་ཕལ་ཆེར་འགན་སྲུང་བྱས་ཏེ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལས་གཞི་ལག་བསྟར་བྱེད་པར་རྨང་གཞིའི་ཆ་རྐྱེན་འདོན་སྤྲོད་བྱས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞ