མིའི་ལུས་ཁམས་དང་པོ་གྲུབ་པ་ནས་མཐའ་མར་ཤི་བའི་བར་དུ་ཆུ་ཁམས་དང་འབྲེལ་བ་ཤིན་ཏུ་ཆེ་སྟེ། དང་ཐོག་མངལ་ཆགས་པའི་དུས་སུ་འབྱུང་བ་སྣ་ཚོགས་དགོས་པ་ལས་ཤིན་ཏུ་གལ་ཆེ་བ་ནི《རྒྱུད་བཞི》ལས“ཆུ་ལས་ཁྲག་དང་ལྕེ་རོ་བརླན་པ་བསྐྱེད”ཅེས་ཆུ་ཡི་ཁམས་ཀྱིས་ཁྲག་སོགས་ལུས་ཀྱི་བརླན་གཤེར་བསྐྱེད་པ་དང་། ཁྱད་པར་ལྕེའི་དབང་བོ་དེའི་ཡུལ་རོ་དྲུག་གི་རང་བཞིན་རྣམས་སྐྱེད་པར་བྱེད་པ་དང་ཡང་རྒྱུད་གཞི་ལས“ཁྲག་གིས་བརླན་ཞིང་སྲོག་འཚོ་ཤ་ཡིས་གཡོགས”ཞེས་ཆུ་ཡིས་ཁྲག་སོགས་བརླན་གཤེར་གྱི་ཆ་བསྐྱེད་པར་བསྟན།
མི་ལུས་འདི་འཚོ་བར་བྱེད་པའི་རྟེན་གཞི་གཙོ་བོ་ནི་ཆུ་འདི་ཡིན་ལུགས་འདི་ནས་མཚོན་ཐུབ་སྟེ། མི་ལུས་ཀྱི་བརྒྱ་ཆ་དྲུག་ཅུ་ལྷག་ཙམ་ཟིན་ཡོད་པས་གལ་ཏེ་ཆུ་ཁམས་བརྒྱ་ཆའི་དྲུག་ཉུང་དུ་སོང་ན་འཕྲལ་དུ་ཁ་སྐམ་པ་དང་། གཅིན་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་རྟགས་མཚན་ཐོན་པ་དང་། ཆུ་ཁམས་བརྒྱ་ཆའི་བཅུ་གཉིས་ཇེ་ཉུང་དུ་སོང་ན་མགོ་ཡུ་འཁོར་བ་དང་དྲན་པ་ཉམས་པ་སོགས་བྱེད་པ། ཆུ་ཁམས་བརྒྱ་ཆའི་ཉི་ཤུ་ཇེ་ཉུང་དུ་སོང་ན་མྱུར་དུ་སྐྱེ་ལམ་དུ་འགྲོ་བ་རེད། མི་རྣམས་ཀྱིས་འགུལ་སྐྱོད་སྣ་ཚོགས་བྱེད་པར་ཆུ་དང་འབྲལ་ཐབས་མེད་དེ། ལུས་ཀྱི་ཚིགས་གཞི་མ་ལུས་པ་དང་། ཚིགས་མིག་ཀུན་ལ་གཤེར་ཆུ་གནས་ནས་དེ་དག་ཕན་ཚུན་ས