ཁ་ཤོ་དང་རྐན་ཤོ་ནི་རྒྱུན་མཐོང་གི་ནད་རིགས་ཞིག་ཡིན་ལ། བྱིས་པ་ལ་ལའི་ཁ་ཤོ་ཡོད་པ་དང་ལ་ལའི་རྐན་ཤོ་ཡོད་ཅིང་། ཁ་དང་རྐན་གཉིས་ཀ་ཤོ་ཡོད་པའི་བྱིས་པའང་ཡོད། སྦྲུམ་མས་རི་བོང་གི་ཤ་ཟོས་ན་བྱིས་པ་ཁ་ཤོ་སྐྱེས་སྲིད་ཅེས་པའི་བཤད་རྒྱུན་དེ་ནི་ཚན་རིག་དང་མཐུན་པ་ཞིག་གཏན་ནས་མིན། ཁ་ཤོ་དང་རྐན་ཤོ་ནི་མི་རྒྱུད་ལ་ཅུང་འབྲེལ་བ་ཡོད་པ་ཞིག་རེད། ཁ་ཤོ་ཡོད་པའི་བྱིས་པ་བུ་མོ་ལས་བུ་མང་བ་དང་རྐན་ཤོ་ཡོད་པའི་བུ་ལས་བུ་མོ་མང་། གལ་ཏེ་ཕ་མ་གཉིས་ལས་གཅིག་ཁ་ཤོ་དང་རྐན་ཤོ་ཡིན་ཚེ། དེའི་བུ་དང་བུ་མོར་ནད་དེ་བྱུང་ཚད་བརྒྱ་ཆའི་བཞི་ཡིན་པ་དང་། ཚ་བོ་ཚ་མོར་ནད་དེ་བྱུང་ཚད་བརྒྱ་ཆའི་བདུན་ཙམ་ཡིན་ལ། ཕ་མ་གཉིས་ཀ་ཁ་ཤོ་དང་རྐན་ཤོ་ཡིན་ཚེ། དེའི་བུ་དང་བུ་མོར་ནད་དེ་བྱུང་ཚད་བརྒྱ་ཆའི་བཅོ་ལྔ་ཡས་མས་རེད།
ལོ་ཙྭ་བ། འབྲུག་མོ།