ཀྲུང་སྨན་གྱིས་ལོ་ལོན་གྱི་ཆམ་པ་བཅོ་དུས་སྨན་བཀོལ་བར་ཁྱད་ཆོས་གང་དག་ཡོད་ཅེ་ན། ལོ་ལོན་གྱི་དོན་སྣོད་ཀྱི་ནུས་པ་ཇེ་ཞན་དུ་གྱུར་ཡོད་པས་ནད་བཅོ་སྐབས་གཤམ་གྱི་ཁག་འགར་དོ་སྣང་བྱེད་དགོས།
གཅིག དོན་སྣོད་གསོ་སྐྱོང་བྱེད་དགོས། མི་རྒས་ཚེ་འགུལ་སྐྱོད་དང་འཇུ་སླ་བའི་བཟའ་བཏུང་གི་འཚོ་བཅུད་ལ་བརྟེན་ནས་ལུས་ཟུངས་གསོ་བ་དང་ལུས་བདེ་ཚེ་རིང་ཡོང་བར་བྱེད་པ་རེད། དེ་བས་སྨན་བཀོལ་ནས་དོན་སྣོད་གསོ་བར་བསམ་དགོས་པ་དང་དོན་སྣོད་ལ་གནོད་པ་ཡོད་པའི་སྨན་མ་བཀོལ་ན་བཟང་། དུས་མཉམ་དུ་མཚེར་བ་གསོ་བ་དང་ཡི་ག་འབྱེད་པའི་སྨན་འཐུང་དགོས།
གཉིས། སེམས་ཤུགས་གསོ་བར་དོ་སྣང་བྱེད་དགོས། སེམས་ཤུགས་གསོ་ཐབས་ནི་དོན་སྣོད་ཀྱི་ནུས་པ་གསོ་བ་དང་ལུས་སྟོབས་ཞན་པའི་གནས་ཚུལ་བསྒྱུར་ནས་ལུས་དངོས་ཀྱི་ལོག་རྩ་སེལ་དགོས།
གསུམ། སྨན་ཉུང་ཉུང་འཐུང་དགོས། ལོ་ལོན་ལ་ཟུངས་ཁྲག་མི་འདང་བ་དང་དོན་སྣོད་ཉམས་ཞན་དུ་གྱུར་ཡོད་པས་སྨན་འཐུང་རྒྱུ་མང་ན་གནོད་པ་བཟོས་ཏེ་ནད་ཇེ་སྡུག་ཏུ་འགྱུར་སླ། དེའི་ཕྱིར་ཆམ་པ་བྱུང་ཚེ་གྲང་སེལ་གྱི་སྨན་ཁེ་དགུ་ལས་མང་མི་རུང་ལ། ལུས་གསོ་བའི་སྨན་འཐུང་ཚད་མང་རུང་སྐྱོན་མེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།