གཉིད་ཁར་གསུས་པ་གནོན་འཕུར་བྱས་ན། གཉིད་ཁུག་པར་རོགས་བྱེད་པ་དང་གཉིད་མི་ཁུག་པའི་ནད་ཡང་སྔོན་འགོག་བྱེད་ཐུབ། འཕར་རྩ་སྲ་འགྱུར་དང་ཁྲག་ཤེད་མཐོ་བ། ཀླད་པའི་ཁྲག་རྩའི་ནད་རིགས་བཅས་བྱུང་ཡོད་པའི་ནད་པས་གསུས་པ་གནོན་འཕུར་བྱས་ན་སྤྲོ་ཐུང་བ་ཞི་འཇགས་སུ་གཏོང་ཐུབ་པ་དང་། མིའི་སེམས་བདེ་ལྷོད་དང་ཁྲག་རྩ་རྒྱུག་ཐུབ་པས། རམ་འདེགས་སྨན་བཅོས་བྱེད་པའི་ནུས་པ་བཟང་བོ་ཐོབ་ངེས།
སྤྱིར་བཏང་དུ་དགོང་མོ་གཉིད་ལོག་པའི་སྔོན་དང་ནངས་མོ་མལ་ལས་ལངས་པའི་སྔོན་དུ་གསུས་པ་གནོན་འཕུར་བྱེད་པའི་བྱེད་ཐབས་དེ་བཀོལ་སྤྱོད་བྱས་ན་བཟང་ལ། གཅིན་བཏང་རྗེས་གན་རྐྱལ་དུ་ཉལ་ནས་པུས་མོ་གཉིས་སྐུམ་པ་དང་། ལུས་ཡོངས་ལྷོད་པ། གཡོན་ལག་གིས་གསུས་པ་མནན་པ་དང་། གཡས་ལག་གཡོན་ལག་སྟེང་དུ་བཞག་ཏེ་ལག་མཐིལ་ལྟེ་བར་མནན་ནས། སྔོན་ལ་གཡས་ནས་གཡོན་ཕྱོགས་སུ་གསུས་པ་གནོན་འཕུར་ཐེངས་ལྔ་བཅུ་བྱེད་པ་དང་། དེ་ནས་ཁ་ཕྱོགས་ལྡོག་ནས་གསུས་པ་གནོན་འཕུར་ཐེངས་ལྔ་བཅུ་བྱེད་དགོས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།