མྱུར་སྤྱོད་སྦྲུམ་འགོག་སྨན་ནི་བུད་མེད་ལ་མངལ་མི་ཆགས་པར་བྱེད་པའི་ཕན་ནུས་ལྡན་པའི་མྱུར་བཀོལ་བྱེད་ཐབས་ཤིག་ཡིན་མོད། འོན་ཀྱང་སྦྲུམ་འགོག་སྨན་བསྟེན་མཁན་ལ་ལས་མྱུར་སྤྱོད་སྦྲུམ་འགོག་སྨན་གྱི་ཤེས་བྱར་རྒྱུས་ལོན་བྱས་པ་མི་འདང་བས། སྨན་བསྟེན་ཐབས་ཐད་ནས་ནོར་འཁྲུལ་བྱུང་སྟེ་ཐད་ཀར་སྨན་གྱི་ཕན་ནུས་ལ་ཤུགས་རྐྱེན་ཐེབས་ནས་སྦྲུམ་འགོག་མི་ཐུབ་པའི་གནས་ཚུལ་འབྱུང་བཞིན་ཡོད།དེ་བས་གཤམ་དུ་ཡང་དག་པའི་སྦྲུམ་འགོག་སྨན་བསྟེན་ཐབས་འགའ་ངོ་སྤྲོད་ཅིག་བྱེད།
དང་པོ། མྱུར་སྤྱོད་སྦྲུམ་འགོག་སྨན་དེ་དུས་འགྱངས་གཏན་ནས་བྱེད་མི་རུང་སྟེ། དེ་ནི་སྦྲུམ་འགོག་བྱེད་མ་ཐུབ་པའམ་ཡང་ན་སྦྲུམ་འགོག་མ་བྱས་པར་བཟའ་ཚང་མཉམ་དུ་བསྡད་པའི་རྗེས་ཀྱི་དུས་ཚོད 72ནང་ངེས་པར་དུ་འཐུང་དགོས། སྨན་འཐུང་པ་ཇི་ལྟར་སྔ་ན་ཕན་ནུས་དེ་ལྟར་བཟང་།
གཉིས་པ། མྱུར་སྤྱོད་སྦྲུམ་འགོག་སྨན་གྱིས་ཐེངས་གཅིག་ལ་གོ་ཆོད་པ་ལས་ཐེངས་གཉིས་པར་གོ་མི་ཆོད་པས། ཐེངས་གཉིས་པའི་སྐབས་སུ་ཡང་བསྐྱར་རྒྱུན་སྲོལ་གྱི་སྦྲུམ་འགོག་སྨན་འཐུང་དགོས།
གསུམ་པ། མྱུར་སྤྱོད་སྦྲུམ་འགོག་སྨན་འཐུང་རྗེས་ཀྱི་དུས་ཚོད་གཉིས་ཀྱི་ནང་དུ་གལ་ཏེ་ཕྱིར་སྐྱུགས་ན་ཡང་བསྐྱར་འཐུང་དགོས། མྱུར་སྤྱོད་སྦྲུམ་འགོག་སྨན་དེ་རབ་ཡིན་ན་ཟ་མའི་རྗེས་དང་ཡང་