མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་བྲང་ཕྱིའི་ཚན་ཁག་ནི1993ལོར་བཙུགས་པ་ཞིག་ཡིན་ལ། ལོ་ངོ་ཉི་ཤུ་ལྷག་གི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཚན་ཁག་དེ་བསྟུད་མར་འཕེལ་རྒྱས་སུ་སོང་ནས། ད་ལྟ་དེའི་ནང་དུ་སྨན་པ་འབུམ་རམས་པ་གཅིག འབུམ་རམས་པ་གཞོན་པ་གཅིག སྨན་པ་རབ་འབྱམས་པ་གཅིག སྡོད་བཅོས་སྨན་པ་གཅིག་བཅས་དང་། ད་དུང་རབ་འབྱམས་ཞིབ་འཇུག་པ་གཉིས། དངོས་གཞིའི་མི་གཉིས་བཅས་ཡོད།
བྲང་ཕྱིའི་ཚན་ཁག་གིས་སྔར་ཡོད་ལག་རྩལ་གྱི་ལེགས་ཆ་རྒྱུད་འཛིན་བྱས་པའི་རྨང་གཞིའི་སྟེང་། བསྟུད་མར་གསར་གཏོད་མདུན་སྐྱོད་དང་ལེགས་ཐོག་ལེགས་འཚོལ་བྱས་པས། བྱང་ཆ་ལྡན་པའི་ངང་བྲང་ཕྱིའི་ཚན་ཁག་གི་རྒྱུན་མཐོང་གཤག་བཅོས་སྣ་ཚོགས་དང་དོགས་གནད་མང་བར་གཤག་བཅོས་བྱས་པ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་སྟེ། དཔེར་ན་རྨ་ཁ་གསུམ་ཅན་གྱི་མིད་པའི་འབྲས་སྐྲན་རྩ་བཅོས་བྱེད་པའི་གཤག་བཅོས་དང་གློ་བའི་འབྲས་སྐྲན་གྱི་གློ་ཡུའི་ཡན་ལག་གཤག་བཅོས་བྱེད་པ་སོགས་ལྟ་བུ། ནང་སྒོས་སུ་བྲང་ཕྱིའི་རྨས་སྐྱོན་ཚབས་ཆེན་གྱི་དབང་གིས་བྱུང་བའི་མྱུར་བའི་རང་བཞིན་གྱི་གློ་བའི་ནད་རིགས་དང་ཡང་ནARDSནད་པ་མྱུར་སྐྱོབ་ལེགས་འགྲུབ་བྱུང་ཚད་ཧ་ཅང་མཐོ་བས། ནད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ཞིང་ཆེན་ནང་ཁུལ་དུ་ཆེས་ཐོག་མར་བྲང་ཁོག་གི་མཐ