གཅིག ཚ་དུག་ཕོག་པ།
ཚ་དུག་ཕོག་པ་ཞེས་བ་ནི་མིའི་ལུས་ཕུང་དྲོད་ཚད་མཐོ་བའི་ཁོར་ཡུག་གམ་དུས་ཡུན་རིང་བོར་ཉི་མས་གཞུས་བ་ལས་གློ་བུར་དུ་དྲོད་ཚད་མཐོ་བ་དང་། སྐྱི་པགས་སྐམ་ནས་རྔུལ་ཆུ་མེད་པ། འདུ་ཤེས་མེད་པར་གྱུར་བའམ་ཡང་ན་སྐྲག་ནས་བརྒྱལ་བ་སོགས་ནད་ཐོག་མཚོན་རྟགས་ཡིན་པའི་ནད་རིགས་ཤིག་ཡིན། སྤྱིར་བཏང་དུ་ཚ་འཕྲོའི་ནད་དང་ཉི་འཕྲོའི་ནད་གཉིས་སུ་བགར་ཆོག
ནད་རྟགས་གཙོ་བོ།
ཚ་འཕྲོའི་ནད། དྲོད་ཚད་མཐོ་ཞིང་རླུང་རྒྱུ་བ་མི་བཟང་བའི་ཁོར་ཡུག་﹙དྲོད་འདོན་ཐབ་ཟངས་ཁང་དང་ལྕགས་བཞུ་བའི་ཐབ་ཟངས་ཁང་།﹚ཏུ་ལས་ཀ་ལས་སྐབས་ཚ་འཕྲོའི་ནད་འབྱུང་སླ། དེ་ནི་མིའི་ལུས་ཕུང་གིས་རྔུལ་ཆུ་མང་པོ་བཞུར་ནས་དྲོད་ཕྱིར་གཏོང་བ་ཡིན་པས། གལ་ཏེ་དུས་ལྟར་ཆུ་དང་ཚྭ་ཁ་བསྣོན་མ་བྱས་ན་ཆུ་དང་ནཱ་མང་པོ་ཕྱིར་བཞུར་ནས་ཆུ་འདོར་བར་བྱེད་ངེས། ནད་པ་ཐོག་མར་མགོ་ན་བ་དང་མགོ་ཡོམ་འཁོར་བ། དངངས་འཚུབ་སྐྱེས་བ། ལུས་ཤུགས་མེད་པ་སོགས་ཀྱི་ཚོར་སྣང་འབྱུང་ལ། དེའི་རྗེས་ངོ་མདོག་སྐྱ་བོར་འགྱུར་བ་དང་སྐྱུག་པ། རྔུལ་ཆུ་མང་པོ་བཞུར་བ། རྩ་ལྡིང་ཚད་གཉོམ་ཞིང་མགྱོགས་པ་བཅས་མ་ཟད། འདར་ཡངས་དང་བརྒྱལ་ཡང་སྲིད།
ཉི་འཕྲོའི་ནད་ནི་དབྱར་ཁར་ཉི་མའི་ཚ་གདུག་ཁྲོད་ལས་ཀ་ལས་ནས་ཉི་མ་གཞུས་བའི་དུས་ཡུན་རིང་དྲག་པ་དང་།