ལོ་ངོ་གསུམ་གྱི་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ལ་ཨ་མེ་རི་ཁའི་སྨན་བཅོས་ལས་ཁུངས་ཀྱིས་ཞིབ་དཔྱད་དང་རྒྱལ་སྤྱིའི་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱིས་དཔང་བཤེར་བྱས་ནས་ར་སྤྲོད་བྱུང་བས། རྒྱལ་ནང་གི་ཨང་གསུམ་པ་དང་ནུབ་བྱང་གི་ཨང་དང་པོའིJCIདཔང་བཤེར་ར་སྤྲོད་དང་ཞིབ་དཔྱད་གནང་བའི་གཞུང་གཉེར་ཕྱོགས་བསྡུས་ཀྱི་སྨན་ཁང་དུ་གྱུར། ཟླ 9 བའི་ཚེས21ཉིན། སྒོ་བྱང་འགེལ་བའི་མཛད་སྒོ་དེ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་བསྡུས། ཧྲིན་ཀྲང་གཞོན་པ་མ་ཧྲུན་ཆིན་གྱིས་རྟེན་འབྲེལ་ཞུ་ཡིག་བསྐུར་ཡོང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་དང JCI ཡི་ཡ་ཐའེ་ས་ཁུལ་གྱི་གཙོ་འཛིན་པ་ཀྲང་ཡུན་མེན་གྱིས་སྨན་ཁང་གི་སྒོ་བྱང་བཀལ།
མ་ཧྲུན་ཆིན་གྱིས་རྟེན་འབྲེལ་ཞུ་ཡིག་ནང་བཤད་རྒྱུར། JCIཡི་ཚད་གཞི་ནི་འཛམ་གླིང་གིས་ཁས་ལེན་པའི་སྨན་བཅོས་སྤུས་ཀའི་ཚད་གཞི་ཡིན་པ་དང་། རྒྱལ་སྤྱིའི་སྨན་བཅོས་བདེ་འཇགས་དང་སྨན་ཁང་ཚད་ལྡན་ཅན་གྱི་དོ་དམ་གྱི་ཆེས་མཐོ་བའི་ཆུ་ཚད་མཚོན་པ་ཡིན་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁས་ལེན་པའི་སྨན་ཁང་དོ་དམ་གྱི་མིག་དཔེའང་ཡིན། འདིས་སྨན་ཁང་གི་སྨན་བཅོས་སྤུས་ཀ་དང་ནད་པའི་བདེ་འཇགས་ལ་དོ་སྣང་བྱས་པའི་ཁར། དེ་