ཁྲག་ཤེད་མཐོ་བའི་ལོ་ལོན་ཚོས་ལུས་ཕུང་སྦྱོང་བརྡར་བྱེད་སྐབས་མཉམ་འཇོག་དགོས་ས་གང་དག་ཡོད་ཟེར་ན། ལུས་ཕུང་སྦྱོང་བརྡར་ནི་ཁྲག་ཤེད་མཐོ་བའི་ནད་ལ་གསོ་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དཔེར་ན་རྩ་རླུང་སྒོམ་པ་དང་དལ་མོར་རྒྱུགས་པ། རྐང་ཐང་ལ་འགྲོ་བ། ཆུར་བརྐྱལ་བ་སོགས་ལྟ་བུ་རེད། ཁྱད་པར་དུ་དལ་རྒྱུགས་བྱེད་པ་དང་རྐང་ཐང་ལ་འགྲོ་བ་དེ་ལོ་ལོན་ནད་པར་ཧ་ཅང་འཚམ་པ་རེད། དུས་ཡུན་རིང་བོར་ལུས་ཕུང་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ན། ཁྲག་ཤེད་མར་འབབ་པ་དང་སྙིང་ལ་སྲུང་སྐྱོབ་བྱེད་པ། ཚེ་ཐག་ཇེ་རིང་དུ་གཏོང་ཐུབ་པ་སོགས་ཀྱི་ཕན་ནུས་ལྡན། ཡིན་ན་ཡང་ཁྲག་ཤེད་མཐོ་བའི་ལོ་ལོན་ཚོས་ལུས་ཕུང་སྦྱོང་བརྡར་བྱེད་སྐབས་དོན་ཚན་འགའ་ལ་མཉམ་འཇོག་བྱེད་དགོས་སྟེ། གཅིག་ནས་ཁྲག་ཤེད་མཐོ་བའི་ནད་པ་ལྕི་མོ་དག་གིས་ལུས་སྦྱོང་བྱེད་མི་རུང་། ཁྲག་ཤེད་མཐོ་བའི་ནད་པ་ལྕི་མོའི་སྙིང་དང་ཀླད་པ། མཁལ་མ་སོགས་ལ་གནོད་སྐྱོན་ཐེབས་པ། དཔེར་ན་སྙིང་ལྡིང་ཚད་མི་སྙོམ་པ་དང་སྙིང་གཟེར་ལངས་བ། སྙིང་ཤུགས་ཉམས་པ། ཀླད་པའི་ཁྲག་རྩ་འགག་པ། མགོ་ཡོམ་འཁོར་བ། མགོ་ན་བ། སྐྱུགས་རྒྱུ་ཡོང་བ་དང་སྐྱུགས་པ། གཅིན་གྱི་ནང་དུ་སྤྲི་དཀར་ཡོད་པ་སོགས་ལྟ་བུ།
གཉིས་ནས་ཁྲག་ཤེད་མཐོ་བའི་ནད་པས་ལུས་སྦྱོང་བྱེད་སྐབས་མགོ་མར་སྒུར་དྲགས་