གཅིག ནད་པའི་དབང་ཆ།
༡ ནད་པར་སྨན་བཅོས་བྱེད་པའི་དབང་ཆ་ཡོད། ཁོ་ཚོར་རྒྱལ་ཁོངས་དང་མི་རིགས། ཆོས་ལུགས་དད་མོས། ཕོ་མོ། ལོ་ཚོད། རང་གཤིས། ཡང་ན་སྤྱི་ཚོགས་ཀྱི་གོ་གནས་མི་འདྲ་བར་བརྟེན་ནས་མཐོང་ཆུང་སོགས་བརྟེན་ནས་བྱེད་མི་རུང་།
༢ ནད་པར་བདེ་འཇགས་ཡིན་པའི་སྨན་བཅོས་ཁོར་ཡུག་ནས་ནད་བརྟག་སྨན་བཅོས་དང་ལྟ་རྟོག་གཉོར་སྐྱོང་ཐོབ་པའི་དབང་ཆ་ཡོད།
༣ ནད་པར་རང་ཉིད་ཀྱི་གནད་ཚུལ་དང་བརྟག་དཔྱད་བྱས་པའི་མཇུག་འབྲས། སྨན་བཅོས་ཇུས་གཞི། རྗེས་ཕྱོགས་ཀྱི་ནད་བབ་བཅས་ཀྱི་གནས་ཚུལ་འདྲི་བ་དང་ཤེས་པའི་དབང་ཆ་ཡོད།
༤ ནད་པར་ནད་བརྟག་སྨན་བཅོས་དང་ལྟ་ལྟོག་གཉོར་སྐྱོང་གོ་རིམ་ཁྲོད་ཀྱི་བློ་འདྲི་དང་གྲོས་བསྡུར་ལ་ཞུགས་པའི་དབང་ཆ་ཡོད་པར་མ་ཟད། སྨན་བཅོས་ཇུས་གཞི་ཐག་གཅོད་པའི་དབང་ཆའང་ཡོད།
༥ ནད་པར་སྨན་བཅོས་མི་སྣར་ནད་རིགས་དེ་དང་འབྲེལ་ཡོད་ཀྱི་གཉོར་སྐྱོང་དང་སྨན་བཀོལ་བ། བཟའ་བཏུང་དང་འཚོ་བ་སོགས་ཀྱི་ཐད་ནས་མཉམ་འཇོག་དགོས་པའི་དཔྱད་གཞིའི་ཡིག་རིགས་མཁོ་སྤྲོད་བྱེད་པར་རེ་བ་འདོན་པའི་དབང་ཆ་ཡོད།
༦ ནད་པར་རང་ཉིད་ཀྱི་ནད་བབ་ཆེས་སྡུག་པའི་དུས་སུ་གློ་སྙིང་གི་ནུས་པ་ཉམས་པ་སླར་གསོ་བྱེད་མིན་ཐག་གཅོད་པའི་དབང་ཆ་ཡོད།
༧ ནད་པའི་ནད་བབས་ཀྱི་དཔྱད་གཞི