སྦྲུམ་འགོག་སྨན་གསར་བཟོ་བྱས་པས་སྤྱི་ཚོགས་དང་ལྷག་པར་དུ་བུད་མེད་ཀྱི་འཚོ་བར་འགྱུར་ལྡོག་འབྱུང་བར་དོན་སྙིང་གལ་ཆེན་ཐོན་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བུད་མེད་སྔར་ལས་མང་བས་ཁོང་བསྟེན་སྦྲུམ་འགོག་སྨན་ལ་དགའ་བསུ་ཐོབ་པ་དང་བཀོལ་སྤྱོད་བྱེད་བཞིན་ཡོད། དུས་མཚུངས་སུ་ཁོང་བསྟེན་སྦྲུམ་འགོག་སྨན་གྱི་བདེ་འཇགས་རང་བཞིན་ལ་མུ་མཐུད་དུ་ལེགས་བཅོས་བྱུང་བས། མི་རྣམས་ཀྱི་ཁོང་བསྟེན་སྦྲུམ་འགོག་སྨན་ལ་བཟུང་བའི་དོགས་གནད་ཀྱང་ཉིན་བཞིན་ཇེ་ཉུང་དུ་བཏང་ཞིང་། ཚན་རིག་པས་དེའི་བྱེད་ནུས་ལ་སྔར་བས་ངོས་ཟིན་ཟབ་མོ་ཐོབ་ཡོད།
ཡིན་ནའང་། མི་སྒེར་གྱི་རྒྱུ་རྐྱེན་དང་སྤྱི་ཚོགས་རིག་གནས། གོམས་སྲོལ། གོ་ནོར་དང་ཆབ་སྲིད་སོགས་རྒྱུ་རྐྱེན་གྱིས་བུད་མེད་ཀྱིས་ཁོང་བསྟེན་སྦྲུམ་འགོག་སྨན་བཀོལ་སྤྱོད་བྱེད་པར་ཤུགས་རྐྱེན་ཐེབས་པ་སྨྲོས་མེད་ཡིན། གང་ལྟར་ཀྱང་དེང་རབས་ཀྱི་ཁོང་བསྟེན་སྦྲུམ་འགོག་སྨན་གྱི་བྱེད་ནུས་ཧ་ཅང་ལེགས་པས། གལ་ཏེ་ཡང་དག་་པས་བཀོལ་སྤྱོད་བྱས་ཚེ་ཕན་ནུས་ཐོན་ཚད་བརྒྱ་ཆའི99.9ཡིན། དེ་ལ་སྦྲུམ་འགོག་གི་བྱེད་ནུས་ཆེ་བ་ལས་གཞན་བུད་མེད་ཀྱི་བདེ་ཐང་ལ་ཡང་ཕན་པ་མང་པོ་ལྡན་ལ། མོ་ནད་མང་པོ་ཞིག་སྔོན་འགོག་དང་སྨན་བཅོས་ཐད་ཕན་ནུས་ཐོན་ཐུབ།
གཅིག ཟླ་མཚན་སྔོན་གྱི་གྲིམ་འཁུམ་ར