བཞི། ཟླ་མཚན་འབབ་གཟེར་དང་བུ་སྣོད་ནང་སྐྱི་གནས་སྤོའི་ནད་གསོ་ཐབས།
སྔོན་བྱུང་རང་བཞིན་གྱི་ཟླ་མཚན་འབབ་གཟེར་གསོ་ཐབས་ལ། ཁོང་བསྟེན་སྦྲུམ་འགོག་སྨན་གྱིས་ཁམས་དམར་ཕུད་པ་སྔོན་འགོག་བྱས་ཏེ་ལུས་ཕུང་ནང་གི་ཕོ་གཤིས་སྐུལ་རྩི་དང་སྦྲུམ་མའི་སྐུལ་རྩི། བུ་སྣོད་ནང་སྐྱིའི་མདུན་ཆགས་རྨེན་རྩའི་སྐུལ་རྩི་ཇེ་ཉུང་དུ་བཏང་ནས་རྐེད་པ་ན་བའི་ནད་འབྱུང་ཚད་བརྒྱ་ཆའི་དྲུག་ཅུ་མར་ཆག་ཐུབ། ཁོང་བསྟེན་སྦྲུམ་འགོག་སྨན་གྱིས་ཁམས་དམར་ཕུད་པ་སྔོན་འགོག་བྱས་རྗེས། བུ་སྣོད་ནང་སྐྱི་ཇེ་སྲབ་དང་ཟླ་མཚན་སྐབས་ཀྱི་ཁྲག་འབྱུང་ཚད་ཇེ་ཉུང་དུ་འགྲོ་བ་དང་། ཟླ་མཚན་རྒྱུན་ལྡན་མིན་པ་དང་ཁྲག་འབྱུང་ཚད་མང་བ་ལས་ཁྲག་ཚད་ཇེ་དམར་སོང་བའང་གསོ་བཅོས་བྱེད་ཐུབ། རྐེད་པ་ན་བ་དང་བུ་སྣོད་ནང་སྐྱིའི་གནས་སྤོ་ནད་ཡོད་མཁན་དང་བཙའ་སྐྱེ་བྱེད་འདོད་མཁན། གཤག་བཅོས་བྱས་རྗེས་ཡང་བསྐྱར་ནད་ཕོག་མཁན། གཤག་བཅོས་བྱེད་པའི་སྔ་གཞུག་ལ་སྨན་བཅོས་གཞོགས་འདེགས་བཅས་ཀྱི་ཐད་བཀོལ་སྤྱོད་བྱེད་ཆོག་ལ། ཟླ་མཚན་གྱི་ཉིན་ལྔ་བ་ནས་བཟུང་ཉིན་ཉེར་གཅིག་རིང་མཱ་ཧྥུ་ལུང་ཉིན་རེར་རིལ་བུ་གཅིག་རེ་བསྟེན་དགོས་པ་དང་། བྱེད་ཐབས་འདི་སྤྱད་ན་འགྲོ་གྲོན་ཉུང་ལ་ཡུན་རིང་དུ་བསྟེན་ཆོག ཁོང་བསྟེན་སྦྲུམ་འགོག་སྨན་འཐུང་མཚམས་བཞག་རྗེས་ཁམས་དམར་ཕུད་ཚད་ཧ་ཅང་