$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2013.11.04 ཡོང་ཁུངས།
0
0

སྦྲུམ་བུ་ཨ་མའི་མངལ་དུ་གནས་ཡོད་ཕྱིར་ཨ་མའི་སེམས་ཁམས་ཀྱི་འགྱུར་ལྡོག་གིས་སྦྲུམ་བུ་ལཤུགས་རྐྱེན་ཐེབས་སྲིད། སེམས་ཁམས་བཏང་སྙོམས་སུ་གནས་མ་ཐུབ་པ་དེས་མངལ་མ་སྦྲུམ་གོང་དང་མངལ་སྦྲུམ་པ་དང་བྱིས་པ་སྐྱེས་རྗེས་བཅས་གང་ཡིན་རུང་། བུད་མེད་དང་བྱིས་པའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། སྦྲུམ་མའི་བློ་ཁ་འཚུབ་འཚུབ་བྱེད་པ་དང་སེམས་ཁྲལ་ཆེ་བ། སྡུག་བསྔལ་ཆེ་བ་བཅས་ཀྱིས་དབང་རྩ་གཙོ་བོའི་མ་ལག་དང་ནང་གི་ཟགས་ཐོན་སྙོམས་སྒྲིག་བྱེད་པར་ཤུགས་རྐྱེན་ཆེན་པོ་ཐེབས་ནས་མངལ་ཆགས་པའི་སྐབས་སུ་དྲག་ཏུ་སྐྱུགས་པ་དང་ལུས་ཁམས་མི་བདེ་བའི་རྟགས་སྣ་ཚོགས་འབྱུང་བ། མངལ་ཤོར་བའམ་ཟླ་མ་ལོངས་པར་སྐྱེས་པ། ཡང་ན་སྦྲུམ་བུ་མངལ་དུ་འཚར་ལོངས་འབྱུང་ཚད་དལ་ཞིང་ཡ་མ་གཟུགས་སུ་འགྱུར་ཉེན་ཆེ་བར་མ་ཟད། ཐ་ན་མངལ་དུ་ཤི་ཡང་སྲིད། སྦྲུམ་མ་ལ་ལ་ད་དུང་བྱིས་པ་བཙའ་བར་འཇིགས་སྣང་ཆེན་པོ་སྐྱེས་ནས་སེམས་ཁམས་ཡུན་རིང་ལྷོད་ལ་འབབ་མ་ཐུབ་པས་མཇུག་མཐར་བྱིས་པ་རང་བཞིན་གྱིས་སྐྱེས་མ་ཐུབ་པར་ཕོ་བ་གཤགས་ནས་ལེན་དགོས་པའི་གནས་ཚུལ་འབྱུང་སྲིད་པས། གལ་ཏེ་བློ་ཁ་འཚབ་ནས་སེམས་ཁམས་བདེ་ལ་འབབ་མི་ཐུབ་ན་དེའི་རྒྱུ་རྐྱེན་ཅི་ཡིན་པར་བསམ་བློ་བཏང་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

སེམས་ཁམས་ཡུན་རིང་ལ་འཚབ་འཚུབ་ངང་གནས་ན་བྱིས་པ་ཟླ་

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།