སྦྲུམ་མས་ཐ་མག་འཐེན་ན་བྱིས་པ་ཟླ་མ་ལོངས་པར་སྐྱེས་པ་དང་ཡང་ན་བྱིས་པ་སྐྱེས་དུས་ལུས་པོའི་ལྗིད་ཚད་དམའ་ཞིང་ཐ་ན་ཤིའང་སྲིད། སྦྲུམ་མས་ཐ་མག་འཐེན་ན་ད་དུང་བྱིས་པ་ཁ་ཤོ་དང་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད། རྐང་ལག་འཚར་སྐྱེ་བྱུང་བ་རྒྱུན་ལྡན་མིན་པ་སོགས་ལུས་སྐྱོན་ཅན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད། དེ་བས་མི་རབས་རྗེས་མའི་བདེ་ཐང་གི་ཆེད་དུ་སྦྲུམ་མ་དང་མངལ་སྦྲུམ་འདོད་པའི་བུད་མེད་རྣམས་ཀྱིས་མྱུར་དུ་ཐ་མག་གཅོད་དགོས། ཁྱོ་གས་ཐ་མག་འཐེན་ན་ཕྱོགས་གཅིག་ནས་ཁམས་དཀར་འཁོར་སྐྱོད་བྱེད་པའི་ནུས་པར་ཤུགས་རྐྱེན་ཐེབས་ནས། ཁམས་དཀར་གྱི་གྲངས་ཚད་ཇེ་དམར་སོང་ནས་ཁམས་དཀར་རྒྱུན་ལྡན་མིན་པར་འགྱུར་འགྲོ་བས། སྦྲུམ་བུའི་འཚར་སྐྱེ་ལ་གནོད་པ་དང་ཡང་ན་སྦྲུམ་བུ་ཡ་མ་གཟུགས་སུ་འགྱུར་ངེས། ཕྱོགས་གཞན་ཞིག་ནས་དུ་སྨུག་གིས་སྦྲུམ་མར་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་པས། མི་རབས་རྗེས་མའི་བདེ་ཐང་གི་ཆེད་དུ། ཁྱོ་གས་ཆུང་མས་མངལ་སྦྲུམ་པར་གྲ་སྒྲིག་བྱེད་པའི་སྐབས་ནས་བཟུང་ཐ་མག་གཅོད་འོས།
དེས་ན་ཡང་སྦྲུམ་མས་སྨན་འཐུང་རུང་ངམ་ཞེ་ན།
སྦྲུམ་མ་མང་པོ་ཞིག་གིས་རང་ལ་ན་ཚ་བྱུང་རུང་མངལ་གྱི་བྱིས་པར་གནོད་པར་དོགས་ནས་སྨན་འཐུང་མི་ཕོད། དོན་དངོས་སུ་སྦྲུམ་མས་སྨན་གང་རུང་གཏན་ནས་འཐུང་མི་ཉན་པ་མིན