སོལ་རླངས་ཀྱི་དུག་ཅུང་ཡང་མོ་ཕོག་པའི་ནད་པ་གང་མགྱོགས་སྒོས་མཁའ་དབུགས་རྒྱུ་བདེ་བའི་གནས་ཤིག་ཏུ་སྤོས་ནས་དེ་མ་ཐག་སྨན་ཁང་དུ་བསྐྱེལ་དགོས། སོལ་དུག་ཚབས་ཆེན་ཕོག་པའི་ནད་པར་གཤམ་གྱི་བྱེད་ཐབས་སྤྱད་ནས་མྱུར་སྐྱོབ་བྱེད་དགོས་སྟེ།
གཅིག མྱུར་དུ་ཁང་བའི་སྒོ་དང་སྒེའུ་ཁུང་ཕྱེས་ནས་མཁའ་དབུགས་རྒྱུ་རུ་འཇུག་དགོས་པ་དང་མེ་ཡི་རིགས་ཐམས་ཅད་གསོད་དགོས། དེའི་སྐབས་སུ་མེའི་རིགས་རྩ་བ་ནས་སྤོར་མི་ཉན་ལ་གློག་ཆས་ཀྱི་རིགས་རྩ་བ་ནས་བཀོལ་སྤྱོད་བྱེད་མི་རུང་།
གཉིས། ནད་པ་གང་མགྱོགས་སྒོས་མཁའ་དབུགས་རྒྱུ་བདེ་བའི་གནས་གཞན་ཞིག་ཏུ་སྤོ་དགོས་པ་དང་། ནད་པའི་ལྭ་ཡི་སྒྲོག་གུ་དང་སྐེ་རགས་ཚང་མ་དཀྲོལ་བ་དང་ཆབས་ཅིག་ནད་པར་དྲོད་སྲུང་བྱས་ནས་མི་འཁྱག་པ་བྱེད་དགོས།
གསུམ། ཆ་རྐྱེན་ཡོད་ཚེ་ནད་པར་དེ་མར་དབྱང་རླུང་རྔུབ་ཏུ་འཇུག་དགོས།
བཞི། ནད་པའི་དབུགས་དང་སྙིང་གི་རྒྱུ་བར་བལྟས་ནས་དབུགས་རྒྱུ་མཚམས་ཆད་ཚེ་མྱུར་དུ་ཁ་དང་ཁ་སྦྱར་ནས་མི་ཐབས་ཀྱིས་དབུགས་རྔུབ་ལེན་བྱེད་པ་དང་། སྙིང་ལྡིང་ཚད་ཉམས་པར་བྲང་ངོས་ནས་སྙིང་ཁམས་བཙིར་གནོན་བྱེད་པའི་བྱ་ཐབས་སྤྱོད་དགོས།
ལྔ། གལ་ཏེ་དབུགས་ཀྱི་རྒྱུ་བ་ཡོད་པ་དང་སྙིང་ལྡིང་ཚད་མ་ཉམས་ཀྱང་དྲན་པ་འཐོར་བའི་སྣང་ཚུལ་བྱུང་ཚེ་ནད་པ་འཕ