$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2013.11.05 ཡོང་ཁུངས།
0
0

རྨ་རས་ནི་རྨ་བཟོས་པར་བཀོལ་སྤྱོད་བྱེད་པ་ཞིག་ཡིན་ཞིང་། སྤྱིར་བཏང་དུ་རྒྱུན་ལྡན་གྱི་འཚོ་བའི་ནང་རྟག་ཏུ་བཀོལ་སྤྱོད་བྱེད་པའི་ཕྱི་ནད་སྨན་བཅོས་ཀྱི་སྨན་རས་ཤིག་ཡིན། དེ་ཇི་ལྟར་ཡང་དག་པའི་སྒོ་ནས་བཀོལ་སྤྱོད་བྱེད་དགོས་ཤེ་ན། རྨ་རས་ལ་ཁྲག་འགོག་པ་དང་རྨ་གསོ་བའི་ནུས་པ་ཡོད་ཅིང་། དེ་ནི་དཀྱིལ་དུ་སྨན་ཅུང་ཟད་བྱུག་པའི་སེང་རས་ལྟ་བུ་ཞིག་ཡིན་པས་སྤྱིར་བཏང་དུ་རྨ་ཆུང་ཆུང་བཟོ་བའི་སྐབས་སུ་བཀོལ་སྤྱོད་བྱས་ན་ཁྲག་འགོག་པ་དང་རྨ་ཁ་གསོ་བའི་ནུས་པ་ཐོན་གྱི་ཡོད་ཀྱང་སྦྱོར་ཡུན་རིང་དྲགས་མི་རུང་། གལ་ཏེ་སྦྱོར་ཡུན་རིང་དྲགས་ན་རྨ་རས་ཕྱི་ངོས་ཀྱི་འགྱིག་དེས་རླུང་བཀག་སྟབས་རྨ་ཁ་དང་དེའི་མཐའ་འཁོར་གྱི་སྐྱི་པགས་དཀར་པོ་དང་མཉེན་པོར་གྱུར་ནས་གཉན་ཁ་འབྱུང་དུ་འཇུག་སྲིད། སྤྱིར་བཏང་དུ་སྐྱི་པགས་བཤུས་བ་ཙམ་བྱུང་ན་རྨ་རས་མ་སྦྱར་བར་ཆང་བཅུད་སོགས་བྱུག་པ་ཙམ་གྱིས་གཉན་ཁ་འགོག་པའི་ནུས་པ་ཐོན་ཐུབ། དེ་རྗེས་རྨ་རས་སྦྱར་ན་འགྲིག འོན་ཀྱང་རྨ་རས་ཀྱིས་བཏུམས་ཡུན་རིང་དྲགས་མི་རུང་བར་ཉིན་གཉིས་ཙམ་ལས་མི་བརྒལ་བ་བྱེད་དགོས། དེ་དང་ཆབས་ཅིག་དུས་ཚོད་དམ་འཛིན་བྱས་ནས་ཉེ་འདབས་ཀྱི་སྨན་ཁང་དུ་སོང་ནས་དུག་སེལ་དང་སྨན་བཅོས་བྱས་ཏེ་གཉན་ཁ་རྒྱས་བ་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས།

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།