ནད་གཞི་བརྟག་དཔྱད་ཀྱི་ཐབས་ཤེས་གང་ཞིག་གདམ་གསེས་བྱེད་དགོས་སམ་ཞེ་ན། དེའི་རྩ་དོན་ནི“ནད་ཐོག་ལ་འཁེལ་བ་ལས་གོང་ཆེ་བ་འདེམས་མི་རུང”ཞེས་པ་དེ་ཡིན། དེ་ཡང་ནད་གཞི་མི་འདྲ་བར་བརྟེན་ནས་སྨན་བཅོས་འཕྲུལ་ཆས་ཀྱང་མི་འདྲ་བ་རེ་དགོས། དཔེར་ནcTདང་Bཁྲའོ་སོགས་འཕྲུལ་ཆས་སོ་སོའི་བརྟག་དཔྱད་ཀྱི་རིན་གོང་མི་འདྲ་མོད། འོན་ཀྱང་གོང་ཇི་ཙམ་ཆེ་ན་དེ་ཙམ་གྱིས་བཟང་བའི་ངེས་བ་མེད་པས་དེ་དག་སོ་སོར་རང་རང་གི་ཁྱད་ཆོས་རེ་ཡོད་སྟབས་གཅིག་གི་ཚབ་ཏུ་གཅིག་མི་ཡོང་བས་ལུས་ཀྱི་ཆ་ཤས་སོ་སོའི་ནད་བརྟག་སྐབས་སུ་འཕྲུལ་ཆས་སོ་སོར་དགེ་མཚན་མི་འདྲ་བ་རེ་ཡོད་དེ། དཔེར་ན་གློ་བའི་ནད་གཞིར་བརྟག་དཔྱད་བྱེད་སྐབསcTའཕྲུལ་ཆས་ཀྱིས་བརྟག་ན་བཟང་བ་དང་། མཁྲིས་པའི་ནད་ལ་བརྟག་དཔྱད་བྱེད་སྐབསBཁྲའོ་བཀོལ་སྤྱོད་བྱས་ན་བཟང་བ་ལྟ་བུ་རེད། དེར་བརྟེན་ནད་པས་ནད་གཞིར་བརྟག་དཔྱད་བྱེད་སྐབས་སྨན་བཅོས་འཕྲུལ་ཆས་སོ་སོའི་བྱེད་ནུས་དང་ཁྱད་ཆོས་ལྟར་ནད་གང་ལ་འཕྲུལ་ཆས་གང་ཞིག་བེད་སྤྱོད་བྱེད་དགོས་མིན་ཤེས་བར་བྱས་ནས་རང་ཉིད་ཀྱི་ནད་གཞིར་བརྟག་དཔྱད་ཡང་དག་པ་བྱེད་དགོས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།