དང་པོ། དགུན་ཁར་ལུས་ཀྱི་དྲོད་སྲུང་དགོས།
དགུན་ཁར་ནམ་ཟླ་འཁྱགས་པས་ལྭ་བ་སོགས་དྲོན་པོ་གྱོན་ནས་ལུས་ཕུང་འཁྱགས་སུ་མི་འཇུག་པར་ལུས་ཀྱི་དྲོད་བསྲུངས་རྒྱུ་ནི་ཤིན་ཏུ་གལ་ཆེ་མོད། ཐལ་ཆེ་དྲགས་པའི་ངང་ནས་ལྭ་བ་ཇེ་མཐུག་ཏུ་གཏོང་བ་དང་། མེ་དང་ཉི་མར་ལྡེ་བ་སོགས་བྱས་ནས་རྔུལ་ཆུ་མང་པོ་བཞུར་དུའང་འཇུག་མི་རུང་།
གཉིས་པ། རྐང་བའི་བདེ་ཐང་ལ་དོ་སྣང་བྱེད་དགོས།
མི་རྣམས་ཀྱིས་ངེས་པར་དུ་རྐང་བའི་དྲོད་སྲུང་དགོས་པ་དང་རྐང་བར་གཙང་སྦྲ་གང་ལེགས་བྱས་ནས་ཕུར་མཉེད་བྱེད་དགོས་པར་མ་ཟད། ཉིན་རྒྱུན་རྐང་ཐང་དུ་དུས་ཚོད་ཕྱེད་ཀའི་ཡན་ལ་སོང་ནས་སྦྱོང་བརྡར་བྱེད་དགོས། ནངས་དགོང་གཉིས་ཀར་རྐང་མཐིལ་ལ་ཕུར་མཉེད་བྱས་ནས་ཁྲག་རྒྱུན་འཁོར་སྐྱོད་བྱེད་དུ་འཇུག་དགོས། དེ་ལས་གཞན་ལྷམ་བདེ་མོ་གོན་རྒྱུའང་ཧ་ཅང་གལ་ཆེ།
གསུམ་པ། ནད་རིགས་སྔོན་འགོག་བྱེད་དགོས།
དགུན་ཁར་ནམ་ཟླ་སྐམ་ཞིང་འཁྱགས་པས་དལ་བའི་རང་བཞིན་གྱི་ནད་རིགས་འཕར་བའམ་ཡང་ན་ཇེ་ལྗིད་དུ་འགྲོ་སྲིད་ལ། གྲང་འཁྱག་གིས་ད་དུང་སྙིང་རྩ་འགགས་པའི་ནད་དང་གྲིབ་སྐྱོན་ཕོག་པའི་ནད་སློང་བར་མ་ཟད། ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་སྨུག་པོའི་ནད། གྲུམ་བུའི་ནད། མིག་ནད་སོགས་ཀྱི་ནད་རྟགས་ཇེ་ལྗིད་ཏུ་གཏོང་སྲིད། དེ་བས་ནད་པས་ལུས་པ