ལོ་ཇེ་ཆེར་སོང་བ་དང་བསྟུན་ནས། ལུས་སྟེང་གི་སྐུལ་རྩའི་ཟགས་ཐོན་དང་དབང་རྩའི་ནུས་པ་སོགས་ཉམས་ཞན་དུ་གྱུར་ཏེ། སྣ་སྦུག་དང་སྣའི་འབྱར་སྐྱི། ཁྲག་འཁོར་སྐྱོད། སྣོམ་ཚོར་སོགས་ལ་ཡང་དེ་བསྟུན་གྱི་འགྱུར་ལྡོག་བྱུང་ནས། ལོ་ལོན་གྱི་་སྣའི་ཁྲུང་རུས་ཇེ་སྲབ་དང་སྣ་སྦུག་ཇེ་ཆེར་གྱུར་ཏེ། སྣའི་ནད་རིགས་འབྱུང་སླ་བ་རེད། ཞིབ་འཇུག་ལས་ཤེས་བ་ལྟར་ན། ལོ་དྲུག་ཅུ་ཡན་གྱི་ལོ་ལོན་གྱི་སྣའི་འབྱར་སྐྱི་རྒྱུན་ལྡན་ཡིན་ནའང་། ཕོར་དབྱིབས་ཕྲ་ཕུང་དང་སྣའི་འབྱར་སྐྱིའི་ནང་གི་སྐུལ་རྩི་ཇེ་ཉུང་དུ་སོང་ནས། དེའི་མཉེན་ཤུགས་དང་ལྡེམ་ཤུགས་ཇེ་ཞན་དུ་གྱུར་ཏེ། སྣའི་དབུགས་གཏོང་ལེན་ལ་གནོད་པ་བཟོ་བ་མ་ཟད། ལོ་ལོན་གྱི་སྣའི་དབུགས་གཏོང་ལེན་དང་སྣོམ་ཁུལ་གྱི་ཕྲ་ཕུང་ཆ་ཤས་ཀྱི་རིམས་འགོག་ནུས་པ་ཇེ་ཞན་ཏུ་གྱུར་ནས། སྣའི་གཉན་ཚད་འབྱུང་སླ་བ་ཡིན། དེར་བརྟེན། ལོ་ལོན་གྱི་སྣའི་གཉན་ཚད་ལ་རང་སྟེང་གི་ཁྱད་ཆོས་ཁ་ཤས་ཡོད་པས། དེ་ལ་ཅིས་ཀྱང་ཚང་མས་དོ་སྣང་བྱེད་དགོས། ཁྲག་རྩའི་འགུལ་སྐྱོད་རང་བཞིན་གྱི་སྣའི་གཉན་ཚད་དང་། རྙིད་འཁུམ་རང་བཞིན་གྱི་སྣའི་གཉན་ཚད། རོ་ཚོར་རང་བཞིན་གྱི་སྣའི་གཉན་ཚད་སོགས་ནི་ལོ་ལོན་ལ་རྒྱུན་དུ་འབྱུང་བའི་སྣའི་གཉན་ཚད་ཀྱི་རིགས་ཡིན། ལོ་ལོན་ལ་སྣའི་གཉན་ཚད་བྱུང་ཚེ་ཁོ་ཚོའི་འཚོ་བར་གནོད་པ་བཟོ་བ་མ