$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2013.11.05 ཡོང་ཁུངས།
0
0

དང་པོ། རྐང་བའི་སེན་མོའི་ཐོག་ཏུ་ཤུར་བབ་ན། ལུས་ཕུང་ཤིན་ཏུ་ཐང་ཆད་པའི་རྟགས་ཡིན།

ལུས་ཕུང་བདེ་ཐང་ཡིན་པའི་མིའི་སེན་མོའི་མདོག་ནི་ཅུང་གློ་དམར་ཡིན་ལ། གལ་ཏེ་སེན་མོའི་གཞུང་ཐུར་ཏུ་ཤུར་བབ་ན་ལུས་ཕུང་ཤིན་ཏུ་ཐང་ཆད་པ་དང་ལུས་ཟུངས་ཉམས་པའི་རྟགས་ཡིན། མཐེ་བོང་གི་སེན་སྣེ་ཅུང་ཡར་འཁྱིལ་བའི་མིར་མིག་ཟུང་ཐང་ཆད་སླ་བའམ་ཡང་ན་རྒྱང་སྒྲིབ་མིག་ནད་དང་མིག་གི་མཐོང་ཤུགས་ཉམས་པའི་ནད་འབྱུང་སླ། གལ་ཏེ་མཛུབ་མོ་ལྔ་བོའི་སེན་སྣེ་ཅུང་ཡར་འཁྱིལ་ཡོད་ན་སེམས་ཁམས་ཀྱི་གནོན་ཤུགས་ངེས་ཅན་ཞིག་ཡོད་པ་ཡིན།

གཉིས་པ། རྐང་བའི་ཚུགས་ཀར་བརྟགས་ནས་གློ་སྙིང་གི་ནུས་པར་དཔྱད་པ།

རྐང་བའི་ཚུགས་ཀར་ཞིབ་ཏུ་བརྟགས་ན་ནད་ལ་དཔྱད་ཐུབ་སྟེ། ཁ་བུབ་ཏུ་ཉལ་སྐབས་རྒྱུན་ལྡན་ཡིན་པའི་མིའི་རྐང་བའི་མཛུབ་མོ་ནང་དུ་འཁོར་ཡོད་ལ། གལ་ཏེ་གཡོན་རྐང་གི་སྔ་སྟེང་ཅུང་ཕྱིར་འཁོར་ཡོད་ན་སྙིང་ཁམས་ལ་གནད་དོན་ཡོད་པའི་རྟགས་ཡིན། གལ་ཏེ་གཡས་རྐང་གི་སྔ་སྟེང་ཕྱིར་འཁོར་ཡོད་ན་དེ་ནི་གཡས་ལོགས་ཀྱི་མཁལ་མ་མི་བཟང་བའི་རྟགས་ཡིན། གན་རྐྱལ་དུ་ཉལ་བའི་སྐབས་སུ་རྒྱུན་ལྡན་གྱི་མིའི་རྐང་བའི་ཕྱི་སྟེང་གཉིས་མཉམ་དུ་གཤིབ་ཐུབ་ལ། རྐང་བའི་སྔ་སྟེང་ཕྱིར་འཁོར་ཡོད་པའི་མིའི་གལ་ཏེ་རྐང་བའི་སྔ་སྟེང་རྒྱུན་ལྡན་མིན་པར་མར་དཔྱང

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།