འགུལ་སྐྱོད་ཀྱིས་སྙིང་ཁམས་ཀྱི་རྩ་ཕྲན་ཇེ་ཆེ་དང་ཇེ་མང་དུ་བཏང་ཏེ། སྙིང་ཤར་གསོ་རླུང་མཁོ་སྤྲོད་བྱེད་པ་ལེགས་སྒྲིག་དང་ཟུངས་ཁྲག་ནང་གི་ཞག་ཚིལ་ཟགས་ཐོན་བྱེད་པར་ཕན་པ་ཡོད། འགུལ་སྐྱོད་ཀྱིས་ད་དུང་སྙིང་ཤའི་བྱེད་ནུས་ཇེ་མཐོར་གཏོང་བ་དང་སྙིང་ཁམས་ཀྱི་ཟགས་ཐོན་ནུས་པ་ཇེ་ཆེར་གཏོང་ཐུབ། འགུལ་སྐྱོད་བྱས་ན་ཟུངས་ཁྲག་ནང་གི་ཚི་སྣའི་སྤྲི་དཀར་གྱི་བཞུ་ཚད་མཐོ་རུ་གཏོང་བས་ཁྲག་ཉིགས་ཆགས་པ་སྔོན་འགོག་དང་འཕར་རྩ་སྲ་འགྱུར་དུ་འགྲོ་བ་སྔོན་འགོག་བྱེད་པར་ཕན་པ་ཡོད།
རྒྱུན་དུ་ལུས་རྩལ་བྱེད་སྒོའི་ནང་ཞུགས་པ་དེ་ནི་སྙིང་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྙིང་ཁམས་སྲུང་སྐྱོབ་བྱེད་པར་གཤམ་གྱི་ལུས་སྦྱོང་བྱེད་ཐབས་དག་སྤྱད་ན་བཟང་སྟེ། གཅིག་ནི་འཆམ་འཆམ་མང་ཙམ་བྱེད་པ། འཆམ་འཆམ་མང་ཙམ་བྱས་ན་སྙིང་ཤའི་འཁུམ་ཤུགས་ཆེ་རུ་ཕྱིན་ནས་དེའི་གཡས་གཡོན་གྱི་ཁྲག་རྩ་རྒྱས་བར་བྱེད་པ་དང་། སྙིང་ཁམས་ཀྱི་བྱེད་ནུས་ཆེ་རུ་འགྲོ་བ། ཁྲག་ཤེད་དམའ་རུ་འགྲོ་བ་སོགས་ཀྱིས་ཏོག་དབྱིབས་སྙིང་ནད་སྔོན་འགོག་གི་ནུས་པ་ཆེན་པོ་ཐོན་ཐུབ། འཆམ་འཆམ་བྱེད་ཐེངས་རེར་སྐར་མ་ཉི་ཤུ་ནས་ཆུ་ཚོད་གཅིག་ཙམ་རྒྱུན་འཁྱོངས་བྱེད་པ་དང་ཉིན་རེར་འཆམ་འཆམ་ཐེངས་གཉིས་ཙམ་འགྲོ་དགོས། འགྲོ་ཐེངས་རེར་སྨི་བརྒྱད་བརྒྱ་ནས་སྟོང་