བྲང་ཁར་ན་ཟུག་ལངས་བ་ཐམས་ཅད་སྙིང་གཟེར་ནད་ཡིན་པར་ངེས་པ་མེད་དེ། མ་གཞི་སྙིང་གཟེར་ལངས་སྐབས་བྲང་ཁར་ན་ཟུག་དྲག་པོ་གཏོང་བ་ཡིན། འོན་ཀྱང་གཤམ་གསལ་གྱི་བྲང་ཁར་ན་ཟུག་གཏོང་བ་དེ་རིགས་ནི་སྙིང་གཟེར་སློང་བའི་རྒྱུ་རྐྱེན་མིན།
གཅིག དུས་ཚོད་སྐར་ཆ་ཁ་ཤས་ལ་ན་ཟུག་ལངས་པའམ་ཡང་ན་དུས་ཚོད་ཁ་ཤས་སམ་ཐ་ན་ཉི་མ་འགར་བྲང་ཁར་ན་ཟུག་ལངས་བ།
གཉིས། བྲང་ཁར་ན་ཟུག་ལངས་པའི་གནས་ནི་བྲང་ཁ་ཧྲིལ་བོ་མིན་པར་གནས་ཆུང་ངུ་ཞིག་ལ་ན་ཟུག་ལངས་བ།
གསུམ། ལས་ཀའམ་འགུལ་སྐྱོད་བྱེད་སྐབས་ན་ཟུག་མི་ལངས་བར་མཚམས་བཞག་རྗེས་ན་ཟུག་ལངས་བ།
བཞི། བྲང་ཁར་ན་ཟུག་ལངས་བ་ནི་དབུགས་རྔུབ་ལེན་བྱེད་པའམ་བྲང་ཁར་འགུལ་སྐྱོད་གཏོང་བ་དང་འབྲེལ་བ།
ལྔ། བྲང་ཁར་ན་ཟུག་ལངས་བ་ནི་རྒྱུ་རྐྱེན་གཞན་དག་དང་འཕྲད་དུས་སྐབས་བསྟུན་འགྱུར་ལྡོག་བྱུང་བ། དཔེར་ན་ན་ཟུག་ལངས་བཞིན་པའི་ནད་པས་མི་གཞན་པ་དང་གླེང་མོལ་བྱས་ཚེ་ན་ཟུག་རིམ་བཞིན་ཡལ་བ།
དྲུག ན་ཟུག་ལངས་སྐབས་ལྕེ་འོག་ཏུ་ཞའོ་སོན་ཀན་ཡུག་ཞེས་པའི་སྨན་ཅུང་ཙམ་བཟུང་ན་སྐར་མ་བཅུ་ཙམ་ནས་ན་ཟུག་འཇགས་པ་སོགས་ཡིན།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།