མངལ་སྦྲུམ་པ་དང་བྱིས་པ་བཙའ་བ། བང་ནང་དུ་སྡོད་པ་བཅས་ཀྱི་སྐབས་སུ་སྙིང་ཁམས་ལ་ཤུགས་རྐྱེན་ཐེབས་ཏེ་སྙིང་ཤུགས་ཉམས་ནས་སྦྲུམ་མའི་ཚེ་སྲོག་ལ་ཉེན་ཁ་བཟོ་བའི་གནས་ཚུལ་འབྱུང་སྲིད།
དང་པོ། མངལ་སྦྲུམ་པ་དང་སྙིང་གི་ཐེག་ཚད།
གཅིག མངལ་སྦྲུམ་སྐབས།
ཁྲག་གི་རྒྱུ་ཚད་དེ་མངལ་སྦྲུམ་ནས་བདུན་ཕྲག་དྲུག་པ་ནས་མགོ་བརྩམས་ཏེ་བདུན་ཕྲག་སོ་གཉིས་དང་སོ་བཞི་བར་རྒྱུ་ཚད་ཆེས་མཐོ་བའི་དུས་ལ་བསླེབས་ཏེ། ཆ་སྙོམས་ཀྱིས་ཧའོ་ཧྲེང1500ལྷག་ལ་ཇེ་མཐོར་འགྲོ་སྲིད། དེའི་ནང་ཁྲག་ཁུ་ཧའོ་ཧྲེང1000ལྷག་དང་ཁྲག་རིལ་ཧའོ་ཧྲེང 500 ལྷག་ཇེ་མང་དུ་འགྲོ་སྲིད།
ཁྲག་གི་འདྲེན་ཚད་ཇེ་མང་དུ་འགྲོ་བ། ཁྲག་གི་འདྲེན་ཚད་ནི་སྙིང་འཕར་ཚད་གཅིག་གི་དུས་ལ་ཁྲག་གི་རྒྱུ་ཚད་དང་སྙིང་གི་འཕར་ཚད་གཉིས་བསྒྱུར་པའི་ཐོབ་གྲངས་ཡིན། མངལ་སྦྲུམ་སྐབས་སྦྲུམ་མའི་སྙིང་གི་འཕར་ཚད་དེ་སྐར་མ་གཅིག་གི་ནང་ཐེངས་བཅུ་ནས་བཅོ་ལྔ་ཇེ་མང་དུ་འགྲོ་བ་དང་། བདུན་ཕྲག་བཅུ་གསུམ་པ་ནས་ཉེར་གསུམ་པའི་བར་ཆེས་མཐོ་བའི་ཚད་ལ་བསླེབ་སྲིད།
མངལ་སྦྲུམ་སྐབས་མཆིན་དྲིའི་ཤ་གྲིམ་དེ་སྙིང་གི་གཡོན་ངོས་ཀྱི་སྟོད་ཕྱོགས་སུ་འཕར་སྲིད་ལ། ཁྲག་རྩ་ཆེན་པོའི་རིགས་ལ་རྩ་འདུལ་བྱུང་བས། སྙིང་དང་ཁྲག་རྩའི་ཆགས་གནས་ལ་འགྱུར་ལྡོག་བྱུང་སྟ