ཀྲུང་གོའི་མི་དར་མར་གཉིད་ཁུག་ཀྱིན་མེད་པའི་བསྡུར་ཚད་དེ་བརྒྱ་ཆའི་སོ་བརྒྱད་དང་གྲངས་ཆུང་གཉིས་སུ་བསླེབས་ཡོད་ཅིང་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་ལས་ཆེས་མཐོ། སྨན་པ་དང་གསར་འགོད་པ།དགེ་རྒན། མཉེན་ཆས་ཞིབ་འཇུག་དང་གསར་གཏོད་བྱེད་མཁན། ཉེན་རྟོག་པ། ཁེ་ལས་པ་སོགས་ཚང་མ་གཉིད་མི་ཁུག་པའི་གནད་དོན་འབྱུང་ཚད་མཐོ་བའི་གྲས་ཡིན། དགོང་མོར་གཉིད་མ་ཁུག་ན་ཕྱི་ཉིན་རྣམ་རིག་མེད་པ་དང་ཡིད་འཛིན་ཇེ་ཞན་དུ་འགྱུར་བ། ལུས་སྟོབས་ཉམས་པ་སོགས་བྱུང་ནས་རྒྱུན་ལྡན་གྱི་འཚོ་བར་བར་ཆད་ངེས་ཅན་ཞིག་བཟོ་ངེས།
གཉིད་མི་ཁུག་པའི་མི་ལ་རིགས་གསུམ་ཡོད།
སྐྱིད་པོ་ཞིག་གཉིད་བསམ་ཡང་གཉིད་མི་ཁུག་པ་དེ་ནི་སྡུག་བསྔལ་ཞིག་ཡིན་ཀྱང་དེ་ཡང་མི་ཚང་མར་འབྱུང་བའི་ངེས་པ་མེད། ཆེད་མཁས་པས་མཚམས་སྦྱོར་བྱས་དོན། དུས་རྒྱུན་སྒོ་བསྟེན་ཁང་དུ་ནད་སྟོན་དུ་ཡོང་བའི་མིའི་ནད་ཐོ་ལས་དབྱེ་ཞིབ་བྱས་པ་ལྟར་ན། མིག་སྔར་གཉིད་མི་ཁུག་པའི་མི་ལ་རིགས་གསུམ་ཡོད་དེ།
དང་པོ། བདེ་ཐང་ལྟར་སྣང་གི་རྣམ་པར་གནས་པའི་མིའི་རིགས།
བདེ་ཐང་ལྟར་སྣང་ཞེས་པ་དེ་ནི་བདེ་ཐང་ཡིན་ལ་བདེ་ཐང་མ་ཡིན་པའི་རྣམ་པར་གནས་པའི་མིའི་གྲས་སུ་གཏོགས་པ་ཡིན། དེ་དག་ནང་གི་མི་མང་ཆེ་བར་དགོང་མོར་གཉིད་མི་ཁུག་པའི་སྣང་ཚུལ་འབྱུང་བཞིན་ཡོད་ལ། ལ་