35.ནམ་རྒྱུན་ཁང་བའི་སྒོ་དང་དྲ་མ་ཕྱེས་ཏེ་མཁའ་དབུགས་གཙང་མ་རྒྱུ་བར་བྱ་དགོས། ནམ་རྒྱུན་ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་མཁའ་དབུགས་གཙང་མ་རྒྱུ་བར་བྱེད་པ་ནི་ནད་རིགས་སྔོན་འགོག་བྱེད་ཐབས་གཙོ་བོ་ཞིག་ཡིན། གལ་སྲིད་དེ་ལྟར་མ་ནུས་ན་དེ་ལས་ལྡོག་སྟེ་མཁའ་དབུགས་རྫོབ་པོའི་ནང་ནད་འབུ་དང་ནད་དུག་བསྐྱེད་པའམ་འགོ་སྲིད། དུས་ཡུན་རིང་བོར་ཁང་བའི་ནང་བསྡད་ནས་ཁ་དབུགས་གཙང་མ་རྒྱུ་མ་ཐུབ་ན་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་ཞན་དུ་གྱུར་ནས་དབུགས་ལམ་ལ་འགོ་ནད་འབྱུང་སླ།
36.འབྲུ་རིགས་སྣ་ལྔ་གཙོ་བྱས་ཏེ་རྒྱུན་དུ་སྔོ་ཚོད་དང་སིལ་ཏོག ཞོག་ཁོག་གི་རིགས་མང་དུ་ཟ་བ་དང་། དཀར་ཟས་དང་དམར་ཟས་གཉིས་སྡེབ་པར་གཟབ་དགོས།
ཁ་དཔེར། “མགོ་ནག་བརྟེན་ས་ལྟོ་ཡིན”ཟེར་བ་ལྟར། ཟས་བཅུད་དང་བདེ་ཐང་བར་འབྲེལ་བ་དམ་པོ་ཡོད་པས། ནར་སོན་པ་དང་འཚོ་གནས་བྱེད་པར་གཅིག་ཏུ་འབྲེལ་ཡོད། འབྲུ་རིགས་སྣ་ལྔ་གཙོ་བོ་ཡིན་པའི་ཁ་ཟས་ཀྱིས་འཚོ་བཅུད་ངེས་ཅན་མཁོ་སྤྲོད་བྱེད་པ་མ་ཟད། དེས་ཚིལ་མང་པོ་གསོག་པ་སྔོན་འགོག་དང་། ཀླད་སྙིང་གི་ཁྲག་རྩའི་ནད་དང་གཅིན་རྙི་ཟ་ཁུ། འབྲས་སྐྲན་སོགས་འབྱུང་བ་སྔོན་འགོག་བྱེད་པར་ཕན། སྔོ་ཚོད་དང་སིལ་ཏོག་ནི་འཚོ་བཅུད་དང་གཏེར་རྒ