རྒྱའི་གསོ་རིག་བསྟན་བཅོས་ནེ་ཅིན(内经)ཞེས་པ་ལས། དུས་བཞི་དང་བསྟུན་ནས་དྲོད་གྲང་ལ་མཉམ་འཇོག་བྱ་དགོས། དབྱར་ཁ་དང་དཔྱིད་ཀར་གདགས་རླུང་གསོ་བ་དང་། སྟོན་ཁ་དང་དགུན་ཁར་སྲིབ་རླུང་གསོ་དགོས་ཞེས་གསུངས་པ་ལྟར། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་སྟེང་བཟའ་བཏུང་གི་བསྟེན་སྟངས་ལ་དུས་ཚིགས་ཡོད་པ་དང་རོ་ལྔ་དུས་ཚིགས་དང་འཚམས་པར་སྡེབ་དགོས་པ་བསྟན་ཡོད། དེ་དག་སྡོམ་སྟེ་བཤད་ན། ལུས་སྟོབས་གསོ་བའི་ཐབས་ཤེས་བཟང་བོ་དྲུག་ཡོད་པ་སྟེ།
༡.ཞོགས་ཟས་སྔ་དགོས། ཞོགས་པའི་ཁ་ཟས་སྔ་དགོས་པ་དང་དགོང་ཟས་མི་འཕྱི་བ། ཞོགས་པར་ཟ་མ་ཟོས་རྗེས་ད་གཟོད་སྒོར་འགྲོ་བ། དེ་ལྟར་བྱས་ན་མཚེར་བ་དང་ཕོ་བར་ཕན་པ་ཡིན།
༢.ཟས་ཚ་བོར་ཟ་བ། ཟས་ཟ་དུས་ཚ་བོ་དང་། ཞིབ་ཏུ་བལྡད་ནས་དལ་མོར་མིད་དགོས། དེ་ལྟར་བྱས་ན་འཚོ་བཅུད་འཇུ་བར་ཕན་ཐོགས།
༣.ཟས་ཟ་ཚོད་ཟིན་དགོས། བཟའ་བཏུང་ལེགས་པར་སྡེབ་སྟེ་ཉུང་ཙམ་ཟ་དགོས། ཕོ་བ་ལྟོགས་དུས་ཟས་མང་པོ་ཟ་བ་དང་ཁ་སྐོམ་དུས་ཆུ་མང་པོ་འཐུང་བ་སོགས་མི་བྱེད་པ། ཉེན་རེར་ཤ་ཉུང་ཙམ་ཟ་བ་དང་ཟས་ལ་ཟ་ཚོད་འཛིན་དགོས། དགོང་ཟས་ཉུང་ཙམ་ཟོས་ན་ཟས་འཇུ་བར་ཕན།
༤.སྣུམ་ཉུང་བའི་ཁུ་དྭངས་ཀྱི་རིགས་བསྟེན་པ། སྣུམ་ཉུང