$(document).ready(function(){ $("#go_top").hide(); $(function () { //检测屏幕高度 var height=$(window).height(); //scroll() 方法为滚动事件 $(window).scroll(function(){ if ($(window).scrollTop()>height){ $("#go_top").fadeIn(500); }else{ $("#go_top").fadeOut(500); } }); $("#go_top").click(function(){ $('body,html').animate({scrollTop:0},100); return false; }); }); });
སྤེལ་དུས།2014.01.14 ཡོང་ཁུངས།རང་རེའི་ལས་ཁུངས།
0
0

དགུན་བསླེབས་པ་དང་བསྟུན་ནས་ནམ་ཟླ་རིམ་བཞིན་ཇེ་འཁྱགས་ཡིན་ལ། ནངས་དགོང་གི་དྲོད་ཚད་ལ་བར་ཁྱད་ཆེ་བས། དམིགས་བསལ་གྱི་མི་ཚོགས་ཏེ། གཙོ་བོ་ལོ་ལོན་དང་བྱིས་པ། སྦྲུམ་མ། དབུགས་ལམ་ལ་དལ་བའི་རང་བཞིན་གྱི་ནད་བྱུང་ཡོད་མཁན། སྐྲན་ནད་བྱུང་ཡོད་མཁན་བཅས་ལ་ཆམ་ནད་འབྱུང་སླ། ཆམ་ནད་ནི་ནད་ཀྱི་འབྱུང་རྐྱེན་ཡིན་པས། གལ་ཏེ་སྔོན་འགོག་བྱེད་པར་དོ་སྣང་མ་བྱས་ན་གློ་བའི་ཡན་ལག་གི་གཉན་ཚད་དང་མྱུར་བའི་རང་བཞིན་གྱི་སྙིང་ཤའི་ནད། མྱུར་བའི་རང་བཞིན་གྱི་མཁལ་ཚད་སོགས་མཉམ་བྱུང་ནད་འབྱུང་སླ་ལ། སྔོན་ཆད་དལ་བའི་རང་བཞིན་གྱི་ནད་སྣ་ཚོགས་བྱུང་མྱོང་མཁན་ལ་ཡང་ཆམ་པའི་རྐྱེན་གྱིས་ནད་བབ་ཇེ་ལྗིད་དུ་འགྲོ་ངེས། 

ཆམ་ནད་ནི་མང་ཆེ་བ་རིམས་འགོག་ནུས་པ་ཇེ་ཞན་དུ་གྱུར་པ་དང་གྲང་འཁྱག་ལ་མ་འཛེམ་པས་ནད་དུག་འགོས་ནས་འབྱུང་བ་དང་། ཅུང་ཡང་བ་ཡིན་ན་མགོ་ན་བ་དང་སྣ་སུབས་པ། སྣབས་ཆུ་བཞུར་བ། མིད་པ་ན་བ། རུས་ཚིགས་ན་བ། ཤུགས་ཟད་པ་བཅས་ཀྱི་ནད་རྟགས་འབྱུང་བ་དང་། ཅུང་ལྗིད་མོ་ཡིན་ན་ཚ་བ་ལངས་པ་དང་གློ་ལུ་བ། སྐྱུག་པ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན། ནད་དུག་ལ་བརྟག་ན་ནུབ་ལུགས་སྨན་པར་དམིགས་བསལ་གྱི་སྨན་མེད་ལ། སྐབས་དེར་མྱུར་དུ་དུག་སྲིན་འགོག་སྨན་བཀོལ་དགོས་དོན་མེད། ཡིན་ནའང་ནད་ཐོག་ནས་བལྟས་ན

འོས་སྦྱོར།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།