གཅིག སྔོ་ཚོད་གསར་བས་མིག་ལྕིབས་ལ་གཅེས་སྐྱོང་བྱ་ཐུབ་པ།
སྔོ་ཚོད་གསར་བས་མིག་ལྕིབས་ལ་གཅེས་སྤྲས་བྱས་ན་ཕན་འབྲས་ཡག་པོ་ཐོན་ཏེ། ཉུང་མ་གསར་བ་འདམ་མྱག་ཏུ་བྱས་པའམ་ཡང་ན་སྲབ་མོར་གཙབས་ནས་མིག་མཐའི་སྐྱི་པགས་ལ་བསྐུ་བ་དང་། དེ་ནས་མིག་མཐའི་སྐྱི་པགས་ལ་སྐར་མ་བཅོ་ལྔ་ནས་ཉི་ཤུ་ཙམ་ལ་དུགས་ན་མིག་ལྕིབས་ཀྱི་སྐྲང་ཞི་བར་ཕན། དེ་མིན་རྡོ་ཀུབ་ཀྱི་ཁུ་བ་བཙིད་པའི་ནང་དུ་འཚོ་བཅུད་Eཐིགས་པ་བཞི་ནས་དྲུག་ཙམ་དུགས་ཏེ་གཟའ་འཁོར་རེར་ཐེངས་གཉིས་ཙམ་སོང་ན། མིག་མཐའི་སྐྱི་པགས་ལ་འཚོ་བཅུད་འདོན་སྤྲོད་བྱས་ཏེ། མིག་མཐའི་གཉེར་མ་མེད་པར་གཏོང་ཐུབ་པ་ཡིན།
གཉིས། སྐྱུར་ཁུ་དཀར་པོ་མཛེས་མཟོ་རུ་སྤྱད་ཆོག
ཆུ་སྤྱི་རྒྱ་གང་གི་ནང་དུ་སྐྱུར་ཁུ་དཀར་པོ་སྲང་གསུམ་བསྲེས་ནས། གཟའ་འཁོར་རེར་མགོ་བོ་ཐེངས་གསུམ་ཙམ་ལ་བཀྲུ་བ་ཡུན་རིང་དུ་རྒྱུན་འཁྱོངས་བྱས་ན། གློག་ཤུན་དག་པའི་ཕན་ནུས་ཐོན་ལ་ཟ་འཕྲུག་ཀྱང་ཞི་བར་བྱེད་ནུས། དེ་མིན་ལག་པ་གགཙང་མར་བཀྲུས་རྗེས་སྟེང་དུ་སྐྱུར་ཁུ་དཀར་པོ་བྱུགས་པ་དང་། དེ་ཡང་སྐར་མ་བཅོ་ལྔའི་རྗེས་ནས་ཡང་བསྐྱར་བཀྲུ་བ་རྒྱུན་འཁྱོངས་བྱས་ན། སྐྱི་པགས་ཀྱི་དྲེག་པ་དག་ནས་དཀར་པོ་རུ་བསྒྱུར་ནུས།
རྩོམ་སྒྲིག་པ། འབྲུག་མོ