གཅིག ཉ་ཤས་དབུགས་འཚང་གི་ནད་གསོ་བ།
ཞིབ་འཇུག་རྣམ་གྲངས་གསར་བ་ཞིག་ལས་ཉ་ཤ་མང་པོ་ཟོས་ན་གློ་བར་ཕན་ཞིང་དབུགས་འཚང་གི་ནད་གསོ་ཐུབ་པ་ཤེས། དེ་ནི་ཉ་ཤའི་ནང་དུ་མཱེ་ཞེས་པའི་རྒྱུ་ཆ་མང་པོ་འདུས་པའི་རྐྱེན་རེད། དོས་དྲག་ཁང་གི་སྨན་པ་རྣམས་ཀྱིས་ཀྱང་མཱེའི་རིགས་འདུས་པའི་སྨན་རྫས་བཀོལ་ནས་དབུགས་འཚང་ནད་པར་གསོ་བཅོས་བྱེད་བཞིན་ཡོད། དབུགས་འཚང་བ་དྲག་པའི་ནད་པར་སྨན་པས་རབ་ཡིན་ན་ཉིན་རྒྱུན་གྱི་ཟས་ཐུན་གསུམ་ལས་གཅིག་གི་ནང་དུ་ངེས་པར་དུ་ཉ་ཤའི་རིགས་དང་ཡང་ན་མཚོ་ཐོན་ཟས་རིགས་སྐོར་ཡོད་དགོས། དེ་ལས་གཞན། སྔོ་ཚོད་ཀྱི་ནང་ནས་ཚོད་ནག་ཟོས་ནའང་ཕན་ནུས་ཆེན་པོ་ཐོན་ཐུབ།
གཉིས། སྔོ་ཚོད་ཟོས་ན་རུས་ཚིགས་ཚ་ནད་ལ་ཕན་པ།
ཞི་ལ་རྒྱལ་ཁབ་ཀྱི་ཚན་རིག་པས་ཉེ་སྔོན་ཚོད་ལྟ་ཞིག་ལས་ཤེས་པ་ལྟར་ན། སྔོ་ཚོད་ཟོས་པ་ཇི་ལྟར་མང་ན་རུས་ཚིགས་ཚ་ནད་ཕོག་ཚད་དེ་ལྟར་ཉུང་བར་མ་ཟད། སྔོ་ཚོད་ཟ་རྒྱུར་དགའ་བའི་རྒན་པ་རྣམས་ལ་རུས་ཚིགས་ཚ་ནད་ཕོག་ཚད་དེ་སྔོ་ཚོད་ཟ་རྒྱུར་མི་དགའ་བའི་མི་ལས་བཞི་ཆའི་གཅིག་ཙམ་རེད་ཟེར། དེར་བརྟེན་མི་རྣམས་ཀྱིས་རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ་སྔོ་ཚོད་མང་པོ་ཟོས་ན་བཟང་།
གསུམ། ལུས་སྦྱོང་བྱས་རྗེས་སིལ་ཏོག་ངང་ལག་ཟོས་ན་བཟང་།
