གཅིག རྐང་བ་གཅིག་ཐོག་གཅིག་བཞག་ནས་བསྡད་ན་སྙིང་ཁམས་ལ་གནོད།
ཨ་མེ་རི་ཁས་ཁྲག་ཤེད་ལྟ་ཞིབ་ཚོད་འཛིན་དུས་དེབ་སྟེང་བཀོད་པའི་ཆེས་གསར་བའི་ཞིབ་འཇུག་ཤིག་ལས། རྐང་བ་གཅིག་ཐོག་ལ་གཅིག་བཞག་ནས་འདུག་པའི་འདུག་སྟངས་དེས་ཁྲག་རྩའི་འཁུམ་འདུ་གནོན་ཤུགས་དང་རྐྱོང་འབྱེད་གནོན་ཤུགས་གཉིས་སོ་སོར་བརྒྱ་ཆའི་བདུན་དང་བརྒྱ་ཆའི་གཉིས་ཙམ་ཇེ་མཐོར་གཏོང་སྲིད་པ་ཤེས།
ཁང་ཉིས་དིས་གིག་ཀྲིག་གི་སྙིང་ནད་ཆེད་མཁས་པ། སྨན་པ་འབུམ་རམས་པ་སི་ཏིས་ཧྥུན་སི་ན་ཐི་ལས་བསྟན་དོན། རྒྱུན་པར་རྐང་བ་གཅིག་ཐོག་ལ་གཅིག་བཞག་ནས་བསྡད་ན། དཔྱི་ཚིགས་ཀྱི་གནོན་ཤུགས་ཆེར་བཏང་ནས། རྐང་བའི་སྡོད་རྩ་གནོན་སྲིད་པར་མ་ཟད། ཐ་ན་ཁྲག་རེང་པོར་འགྱུར་བའི་ཉེན་ཁའང་འབྱུང་སྲིད། དེ་བས་མི་ཚང་མས་རྐང་བ་གཅིག་ཐོག་ལ་གཅིག་བཞག་ནས་འདུག་ན་འདུག་ཡུན་སྐར་མ་བཅུ་ནས་བཅོ་ལྔ་ཙམ་ལས་མ་བརྒལ་ན་བཟང་། འདུག་ཡུན་ཆེས་རིང་ནའང་དུས་ཚོད་སྐར་མ་ཕྱེད་ཀའི་ནང་དུ་ལངས་ནས་ཡར་འགྲོ་མར་འགྲོ་རེ་བྱེད་དགོས།
གཉིས། རྐང་བ་གཉིས་དྲང་མོར་ཡར་ལངས་ནས་བསྡད་ན་པུས་ཚིགས་ལ་གནོད།
ཨ་མེ་རི་ཁའི་ཅ་ཀྲིག་ཧོ་ཀུའི་རུས་ནད་ཚན་ཁག་ཞིབ་འཇུག་སའོ་ཡི་ཕྱི་ནད་ཆེད་མཁས་པ་ཏའེ་ཝེ་ཁི་ལོ་སི་ཡིས་བསྟན་དོན། རུས་ཚིགས་ཀྱི་ཤ་གནད་ལ་གྲུང་སྐུལ་དང་འད