2014ལོའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ནི་འཛམ་གླིང་རང་བཞིན་གྱི་གཅོང་ནད་སྔོན་འགོག་གི་ཉིན་མོ་ཡིན་པས། གཤམ་དུ་དེའི་སྐོར་གྱི་ཤེས་བྱ་འགའ་ངོ་སྤྲོད་ཅིག་བྱེད།
གློ་བའི་གཅོང་ནད་ལ་མིང་གཞན་དུ་གློ་ནད་བུང་ཚང་ཡང་ཟེར། དེ་ནི་འདུས་འདྲིལ་ནར་སྲིན་གློ་བར་ཞུགས་པ་ལས་བྱུང་བའི་དབུགས་ལམ་རང་བཞིན་གྱི་འགོ་ནད་ཅིག་རེད། གློ་གཅོང་གི་ནད་དེ་གཙོ་བོར་ནད་པ་ལུ་བ་དང་སྣ་སྦྲིད་རྒྱག་པའམ། སྐད་གསེང་མཐོན་པོས་སྐད་ཆ་བཤད་པ་བཅས་ཀྱི་སྐབས་སུ་ཁ་ནས་ཕྱིར་མཆེད་པའི་མཆིལ་ཟགས་ལས་མི་གཞན་ལ་བགོས་པ་རེད།
གློ་གཅོང་གི་ནད་དེ་རང་ཞིང་དུ་འབྱུང་ཚད་དང་འཆི་ཚད་ཆེས་མཐོ་བའི་འགོས་ནད་ཚབས་ཆེན་གྲས་ཀྱི་གཅིག་རེད། གློ་གཅོང་གི་ནད་བྱུང་ཚེ་དུས་ཐོག་ཏུ་གསོ་བཅོས་མ་བྱས་ན། གློ་བར་གནོད་སྐྱོན་ཐེབས་ནས་བྱ་བ་དང་འཚོ་བར་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། ཐ་ན་ཚེ་སྲོག་ལའང་ཉེན་ཁ་འབྱུང་སྲིད། དུས་མཚུངས་སུ་ད་དུང་ཁྱིམ་མི་དང་གྲོགས་པོ་བཅས་ཉེ་འཁོར་གྱི་མི་རྣམས་ལའང་བགོ་ངེས། གལ་ཏེ་གློ་བའི་གཅོང་ནད་བྱུང་ཚེ་ཚད་ལྡན་སྒོས་སྨན་བཅོས་མ་བྱས་ན། གསོ་དཀའ་བའི་ནད་རིགས་སུ་འགྱུར་ངེས།
གཅིག གློ་གཅོང་གི་ནད་ལ་ཆེས་རྒྱུན་མཐོང་གི་ནད་རྟགས་གང་དག་ཡོད་དམ།
གློ་གཅོང་ནད་ཀྱི་ནད་རྟགས་གཙོ་བོ་ཞིག་ནི་བས