མཚོ་སྔོན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བཙུན་ཐར་རྒྱལ།
མཚོ་སྔོན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བཙུན་ཐར་རྒྱལ་ལགས་ནི་༡༩༦༢ལོར་མཚོ་ལྷོ་ཁྲི་ཀ་རྫོང་དུ་སྐྱེས། ཆུང་དུས་ནས་རང་སྐད་ཡིག་གི་འབྲི་ཀློག་སྦྱངས་པ་དང་། ཕྱིས་སུ་མཚོ་སྔོན་མི་རིགས་དགེ་འོས་སློབ་གྲྭའི་གསོ་རིག་ཚན་ཁག་ཏུ་དགེ་རྒན་དམ་ཆོས་མཆོག་དང་། བོད་ལྗོངས་སྨན་རྩིས་ཁང་དུ་མཁན་པོ་ཁྲོ་རུ་ཚེ་རྣམ་སོགས་ཀྱི་ཞབས་ལ་གཏུགས་ཏེ་བོད་སྨན་གྱི་ངོས་འཛིན་དང་འདུལ་སྦྱོང་། ནད་ཐོག་ལག་ལེན་སོགས་གསན། སྔ་གཞུག་ཏུ་མཚོ་ལྷོ་ཁུལ་བོད་སྨན་ཁང་དང་མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་དུ་སྨན་པ་དང་དགེ་རྒན་གྱི་ཕྱག་ལས་གནང་། ཁོང་གིས་གསོ་རིག་ལས་དོན་དོན་དུ་བླངས་ནས་ལོ་ངོ་ཉི་ཤུག་ལྷག་གི་རིང་ལ་ནད་བཅོསས་ལག་ལེན་གྱི་བྱ་བར་ཞུགས་ནས་གྲུབ་འབྲས་མི་དམན་པ་བླངས། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་ཉིད་མི་ཉམས་གོང་འཕེལ་གཏོང་ཆེད་གཞུང་ལུགས་དང་ལེག་ལེན་གྱི་མན་ངག་བུམ་པ་གང་བྱོའི་ཚུལ་གྱིས་སློབ་མ་བསྐྱ